2011-10-19
ལི་པུ་ཡཱའི་དབང་འཛིན་ལས་ཁུངས་ཀྱི་དམག་དཔུང་གི་མགྲིན་ཚབ་པ་པཱ་ནེ་ཡིས་ཚེས་བཅུ་བདུན་ཉིན་ཏི་ལེ་པོ་ལི་ནས་བཤད་རྒྱུར། དབང་འཛིན་ལས་ཁུངས་ཀྱི་དྲག་ཆས་དམག་དཔུང་གིས་མིག་སྔར་པེད་ནེ་བོ་ལེ་ཏི་ཡི་བརྒྱ་ཆའི་དགུ་བཅུའི་ཡན་གྱི་ས་ཁུལ་བདག་བཟུང་བྱས་ཡོད་ཟེར།པཱ་ནེ་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། དབང་འཛིན་ལས་ཁུངས་ཀྱི་དྲག་ཆས་མི་སྣ་ཅང་མ་འགོར་བར་པེད་ནེ་བོ་ལེ་ཏི་ཡི་ས་ཁུལ་གཞན་པ་བདག་བཟུང་བྱེད་རྒྱུ་ཡིན་ཟེར། ཁོས་བཤད་རྒྱུར། དབང་འཛིན་ལས་ཁུངས་ཀྱི་དྲག་ཆས་དམག་དཔུང་གིས་རི་ཁུལ་ནས་འཐབ་འཁྲུག་བྱེད་པའི་ཉམས་མྱོང་བསགས་ཡོད་པས་པེ་ནེ་བོ་ལེ་ཏི་ཡི་འཐབ་འཁྲུག་ལ་བློ་ཡུལ་ལས་འདས་པའི་དཀའ་ཁག་བྱུང་མེད་ཟེར།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10