མེ་ཏི་བེ་ཅེ་ཧྥུའུ་ཡིས་རྒྱལ་ཁབ་དོ་དམ་ལམ་ལུགས་ལ་བཅོས་བསྒྱུར་བྱེད་རྒྱུའི་འབོད་སྐུལ་བཏང་བ།

        2011-10-17

ཨུ་རུ་སིའི་ཙུང་ཐུང་མེ་ཏི་བེ་ཅེ་ཧྥུའུ་ཡིས་ཚེས་བཅོ་ལྔ་ཉིན་ཨུ་རུ་སིའི་མང་ཚོགས་ཀྱི་འཐུས་མི་དང་བརྗེ་རེས་བྱེད་སྐབས། རྒྱལ་ཁབ་ཀྱི་དོ་དམ་ལམ་ལུགས་ངེས་པར་དུ་བཅོས་བསྒྱུར་བཟང་བོ་བྱེད་དགོས་པར་བཤད་པ་དང་། ཁོས་མ་འོངས་པར་བཟོད་སྒོམ་རང་བཞིན་ཆེས་ཆེར་ལྡན་པའི་སྲིད་གཞུང་ཆེན་པོ་འཛུགས་རྒྱུའི་གྲོས་གཞི་བཏོན།མེ་ཏི་བེ་ཅེ་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སིའི་སྤྱི་གཞུང་འབྲེལ་བ་དང་ཆབ་སྲིད་ལམ་ལུགས། དངུལ་གཏོང་ཁོར་ཡུག་སོགས་ཀྱི་ཐད་དེང་རབས་དང་མཐུན་པའི་བཅོས་བསྒྱུར་བྱེད་དགོས་ཟེར། ཁོས་བཤད་རྒྱུར། གཅིག་གྱུར་ཨུ་རུ་སིའི་ཏང་ལ་རྒྱལ་ཁབ་གྲོས་ཁང་ཞོལ་མའི་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་ན། སྔར་ལས་བཟོད་སྒོམ་རང་བཞིན་ལྡན་པའི་སྲིད་གཞུང་ཆེན་པོ་འཛུགས་རྒྱུ་ཡིན་པ་དང་། སྲིད་གཞུང་དེའི་ཁྱབ་ཁོངས་སུ་ཆབ་སྲིད་དང་སྤྱི་ཚོགས་སྟོབས་ཤུགས་མང་བོའི་འཐུས་མི་བསྡུས་པའི་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ་ཡིན། གཞན་ད་རུང་མ་འོངས་པའི་སྲིད་གཞུང་དེ་མང་ཚོགས་ལ་འབྲེལ་འདྲིས་བྱེད་པར་མཁས་པའི་མི་གསར་བས་གྲུབ་པ་ཡིན་ལ། སྲིད་གཞུང་གིས་སྲིད་ཇུས་གཏན་འབེབ་བྱེད་སྐབས་ངེས་པར་དུ་མངོན་གསལ་སྒོས་ཡོངས་བསྒྲགས་བྱེད་དགོས་ཟེར།མེ་ཏི་བེ་ཅེ་ཧྥུའུ་ཡིས་བཤད་རྒྱུར། གལ་ཏེ་གཅིག་གྱུར་ཨུ་རུ་སིའི་ཏང་ལ་རྒྱལ་ཁབ་གྲོས་ཁང་ཞོལ་མའི་འདེམ་བསྐོའི་ཁྲིད་རྒྱལ་ཁ་ཐོབ་པ་དང་ད་ལྟའི་སྲིད་གཞུང་གི་ཙུང་ལི་ཕུའུ་ཅིན་གྱིས་ཙུང་ཐུང་འདེམ་བསྐོའི་རྒྱལ་ཁ་བླངས་ན། ཨུ་རུ་སིའི་བརྟན་འཇགས་འཕེལ་རྒྱས་ཐད་འགན་སྲུང་བྱེད་རྒྱུ་ཡིན་ཟེར།

  • ལེ་ཚན་སྔོན་མ།:སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གིས་དྲག་ཤུགས་མཚམས་བཞག་ནས་གྲོས་མོལ་བྱེད་རྒྱུའི་འབོད་སྐུལ་བཏང་བ།
  • ལེ་ཚན་རྗེས་མ།:ཕཱ་ཁི་སི་ཐན་ནུབ་བྱང་ཕྱོགས་ཀྱི་ཞིབ་བཤེར་ས་ཚིགས་ཤིག་ནས་འཁྲུག་རྩོད་བྱུང་སྟེ་ཉུང་མཐར་ཡང་མི་ཉེར་བཞི་རྐྱེན
  • དོ་སྣང་ཆེ་བའི་རྩོམ།