སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གིས་དྲག་ཤུགས་མཚམས་བཞག་ནས་གྲོས་མོལ་བྱེད་རྒྱུའི་འབོད་སྐུལ་བཏང་བ།

        2011-10-17

སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་སི་རི་ཡཱའི་བཅོས་བསྒྱུར་དང་བཅིངས་འགྲོལ་མི་དམངས་གཡུལ་སས་ཚེས་བཅོ་ལྔ་ཉིན་ཏཱ་མཱ་ཧྲི་ཀི་ནས་གསལ་སྒྲོག་སྤེལ་ཏེ། སི་རི་ཡཱའི་ཕྱོགས་ཁག་སོ་སོས་དྲག་ཤུགས་མཚམས་བཞག་སྟེ་ཕན་ནུས་ལྡན་པའི་གྲོས་མོལ་བྱེད་དགོས་པའི་འབོད་སྐུལ་བཏང་།ཕྱོགས་ཁག་དེའི་མགོ་ཁྲིད་པ། སི་རི་ཡཱའི་སྤྱི་ཚོགས་མི་རིགས་ཏང་གི་ཀྲུའུ་ཞི་ཨ་ལི་ཧེ་ཏཱ་ཨར་གྱིས་ཉིན་དེར་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་གསལ་སྒྲོག་དེ་ཁྱབ་སྒྲོག་བྱས་པ་རེད། གསལ་སྒྲོག་ལས་བཤད་རྒྱུར། སི་རི་ཡཱའི་བཅོས་བསྒྱུར་དང་བཅིངས་འགྲོལ་མི་དམངས་གཡུལ་སའི་མགོ་ཁྲིད་པ། གཅིག་གྱུར་སི་རི་ཡཱའི་གུང་ཁྲན་ཏང་མིའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀི་ཏི་ལི་ཅཱ་མུས་ལེ་མགོ་གཙོ་ཡིན་པའི་འཐུས་ཚབ་ཚོགས་པས་ཉེ་སྔོན་མའོ་སི་ཁོ་རུ་འཚམས་འདྲི་བྱས་པ་དང་། ཨུ་རུ་སིའི་མགོ་ཁྲིད་པ་དང་མཉམ་དུ་སི་རི་ཡཱའི་ཉམས་ཉེན་ཐག་གཅོད་བྱེད་པའི་ཐབས་ལམ་ལ་གྲོས་བསྡུར་བྱས་ཟེར།གསལ་སྒྲོག་ལས་འབྲེལ་ཡོད་ཕྱོགས་ཀྱིས་དྲག་ཤུགས་དང་གང་འདོད་དུ་འཛིན་བཟུང་བྱེད་པ་མཚམས་འཇོག་པ་དང་། མཚོན་ཆ་བཀོལ་བ་གཏན་འགོག་བྱས་ཏེ། མི་རིགས་ཀྱི་གྲོས་མོལ་བྱེད་པར་སྣང་ཚུལས་བཟང་བོ་སྐྲུན་དགོས་པའི་འབོད་སྐུལ་བཏང་། གསལ་སྒྲོག་ལས་རྒྱལ་གཅེས་སྟོབས་ཤུགས་སོ་སོའི་བར་ཕན་ནུས་ལྡན་པའི་གྲོས་མོལ་བྱེད་པ་ནི་སི་རི་ཡཱའི་དེང་སྐབས་ཀྱི་ཉམས་ཉེན་ཐག་གཅོད་བྱེད་པའི་ཐབས་ལམ་ཉག་ཅིག་ཡིན་ཟེར།

  • ལེ་ཚན་སྔོན་མ།:རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ནོར་སྲིད་བློན་ཆེན་དང་ཀྲུང་དབྱང་དངུལ་ཁང་གི་མགོ་བའི་གྲོས་ཚོགས་ཕཱ་རེ་སི་ནས
  • ལེ་ཚན་རྗེས་མ།:མེ་ཏི་བེ་ཅེ་ཧྥུའུ་ཡིས་རྒྱལ་ཁབ་དོ་དམ་ལམ་ལུགས་ལ་བཅོས་བསྒྱུར་བྱེད་རྒྱུའི་འབོད་སྐུལ་བཏང་བ།
  • དོ་སྣང་ཆེ་བའི་རྩོམ།