2011-10-19
ཕཱ་ཁི་སི་ཐན་གསར་འགྱུར་ལས་རིགས་ཀྱིས་ཚེས་བཅུ་བདུན་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཕཱ་ཁི་སི་ཐན་ནུབ་བྱང་ཕྱོགས་ཚོ་ཁག་ས་ཁུལ་གྱི་ཞིབ་བཤེར་ས་ཚིགས་ཤིག་ལ་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་ཕཱ་ཁི་སི་ཐན་གྱི་བདེ་འཇགས་མི་སྣ་དགུ་རྐྱེན་ལམ་དུ་ཤོར་བ་དང་། དྲག་ཆས་ཉེས་ཅན་བཅོ་ལྔ་བསད་ཟེར།བསྒྲགས་པའི་གནས་ཚུལ་ལྟར་ན། དྲག་ཆས་ཉེས་ཅན་སུམ་ཅུ་ནས་སོ་ལྔ་ཙམ་གྱིས་པཱ་ལཱ་ས་ཁུལ་གྱི་ཞིབ་བཤེར་ས་ཚིགས་ཤིག་ལ་འཇབ་རྒོལ་བྱས། དྲག་ཆས་ཉེས་ཅན་གྱིས་རང་འགུལ་མེ་མདའ་དང་། ལག་སྦོམ། མེ་ཤུགས་འཕུར་མདའ་སོགས་བཀོལ་ནས་ཕཱ་ཁི་སི་ཐན་གྱི་བདེ་འཇགས་མི་སྣ་དགུ་བསད། ཕཱ་ཁི་སི་ཐན་བདེ་འཇགས་དམག་དཔུང་གིས་དེ་མ་ཐག་ཕྱིར་རྒོལ་ལན་སྤྲད། ཕྱོགས་གཉིས་ཀྱིས་དུས་ཚོད་འགའི་རིང་འཁྲུག་རྩོད་བྱས་པ་དང་། དྲག་ཆས་ཉེས་ཅན་བཅོ་ལྔ་འཁྲུག་རྩོད་ཁྲོད་བསད། མིག་སྔར་རྩ་འཛུགས་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པར་ཁྱབ་སྒྲོག་བྱས་མེད་ཟེར།ཕཱ་ཁི་སི་ཐན་དཔོན་རིགས་ཀྱིས་བཤད་རྒྱུར། ཕཱ་ཁི་སི་ཐན་རྒྱལ་ཁབ་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འཐབ་འཁྲུག་ནང་ཞུགས་པའི་ཚུན་ལ། ཉུང་མཐར་ཡང་ཕཱ་ཁི་སི་ཐན་གྱི་བདེ་འཇགས་མི་སྣ་སྟོང་ལྔ་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར་ཡོད་ཟེར།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10