སི་རི་ཡཱ་རྒྱལ་ཁབ་ཀྱིས་རྩ་ཁྲིམས་གཏན་འབེབ་བྱེད་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་བཙུགས་པ།

        2011-10-17

སི་རི་ཡཱའི་ཙུང་ཐུང་པཱ་ཧྲ་ཨར་གྱིས་ཚེས་བཅོ་ལྔ་ཉིན་བཀའ་རྒྱ་ཨང་སོ་སོ་གཅུམ་པ་ཁྱབ་སྒྲོག་བྱས་ཏེ། སི་རི་ཡཱའི་རྩ་ཁྲིམས་འཆར་ཟིན་གཏན་འབེབ་བྱེད་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ་ཐག་བཅད་པར་མ་ཟད། ཨུ་ཡོན་ལྷན་ཁང་དེས་ཟླ་ངོ་བཞིའི་ནང་རྩ་ཁྲིམས་འཆར་ཟིན་གྱི་གཏན་འབེབ་བྱ་བ་ཡོངས་འགྲུབ་བྱེད་དགོས་པའི་གཏན་འཁེལ་བྱས།སི་རི་ཡཱའི་འཕྲིན་་གཏོང་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཨུ་ཡོན་ལྷན་ཁང་དེ་མི་ཉེར་དགུས་གྲུབ་པ་དང་། ཨན་པཱ་ལི་ཡིས་ཀྲུའུ་རིན་གྱི་འགན་ཁུར་ཡོད། ཨན་པཱ་ལི་ཡིས་སྔོན་གཅིག་སྟོང་དགུ་བརྒྱ་དོན་གསུམ་ལོར་རྩ་ཁྲིམས་བཟོ་བཅོས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་འགན་ཁུར་མྱོང་བར་མ་ཟད། གཅིག་སྟོང་དགུ་བརྒྱ་རེ་བཞི་ལོའི་རྩ་ཁྲིམས་འཆར་ཟིན་བྱ་བར་ཞུགས་མྱོང་། ད་ལོའི་ཟླ་བདུན་པའི་ཚེས་བཅུ་ཉིན་བསྡུས་པའི་སི་རི་ཡཱའི་མི་རིགས་གྲོས་མོལ་གྲོས་ཚོགས་ནས་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་བཙུགས་ཏེ། སི་རི་ཡཱའི་རྩ་ཁྲིམས་ཀྱི་དོན་ཚན་ཚང་མར་ཞིབ་འཇུག་བྱེད་པ་དང་། སི་རི་ཡཱའི་རྩ་ཁྲིམས་གསར་བ་སྒྲིག་བཟོ་བྱེད་དགོས་པའི་གྲོས་གཞི་བཏོན།

  • ལེ་ཚན་སྔོན་མ།:ལི་པུ་ཡཱའི་དབང་འཛིན་ལས་ཁུངས་ཀྱི་དྲག་ཆས་པས་སུའུ་ཨར་ཐི་ནས་ཁཱ་ཀྲ་ཧྥེ་ཡི་རྒྱབ་སྐྱོར་མཁན་གྱི་འཇབ་རྒོལ་སྔོ
  • ལེ་ཚན་རྗེས་མ།:རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ནོར་སྲིད་བློན་ཆེན་དང་ཀྲུང་དབྱང་དངུལ་ཁང་གི་མགོ་བའི་གྲོས་ཚོགས་ཕཱ་རེ་སི་ནས
  • དོ་སྣང་ཆེ་བའི་རྩོམ།