ལི་པུ་ཡཱའི་དབང་འཛིན་ལས་ཁུངས་ཀྱི་དྲག་ཆས་པས་སུའུ་ཨར་ཐི་ནས་ཁཱ་ཀྲ་ཧྥེ་ཡི་རྒྱབ་སྐྱོར་མཁན་གྱི་འཇབ་རྒོལ་སྔོན་འགོག་བྱས་པ།

        2011-10-17

ལི་པུ་ཡཱའི་དབང་འཛིན་ལས་ཁུངས་ཀྱི་མི་ཞིག་གིས་ཚེས་བཅོ་ལྔ་ཉིན་བཤད་རྒྱུར། དབང་འཛིན་ལས་ཁུངས་ཀྱི་དྲག་ཆས་དམག་དཔུང་གིས་མིག་སྔར་ཁཱ་ཀྲ་ཧྥེ་ཡི་དམག་མི་ལྷག་མས་སུའུ་ཨར་ཐི་ནས་འཇབ་རྒོལ་བྱེད་པར་སྔོན་འགོག་བྱེད་དགོས་ཟེར། ཁཱ་ཀྲ་ཧྥེ་ཡི་དམག་མི་ལྷག་མས་མཚོན་ཆ་བཀོལ་ནས་འཇབ་རྒོལ་བྱེད་ཐབས་མེད་ལ། མདའ་བ་ལ་བརྟེན་ནས་ངོ་རྒོལ་བྱེད་སྲིད་ཟེར།མི་དེས་བཤད་རྒྱུར། ཚེས་བཅོ་ལྔ་ཉིན་གྱི་འཁྲུག་རྩོད་ཁྲོད། དབང་འཛིན་ལས་ཁུངས་ཀྱི་དྲག་ཆས་དམག་དཔུང་གིས་སུའུ་ཨར་ཐི་ནས་མི་བཅུ་ཕྲག་འགའི་ཤི་རྨས་བཟོས་པ་དང་། དེའི་ནང་མང་ཤོས་དྲག་ཆས་མི་སྣ་ཡིན་པ་དང་། ཁཱ་ཀྲ་ཧྥེ་ཡི་མདའ་བས་བསད་པ་ཡིན་ལ། ཚང་མའི་མགོ་དང་ཕྲག་པར་མེ་མདའ་ཕོག་ཡོད་ཟེར།སུའུ་ཨར་ཐི་ནི་དབང་འཛིན་ལས་ཁུངས་ཀྱིས་བདག་བཟུང་བྱས་མེད་པའི་མཚོ་འགྲམ་གྲོང་ཁྱེར་ཞིག་རེད།

  • ལེ་ཚན་སྔོན་མ།:ཙན་པུ་ཡཱའི་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་ཉུང་མཐར་ཡང་མི་བཅོ་བརྒྱད་རྐྱེན་ལམ་དུ་ཤོར་བ།
  • ལེ་ཚན་རྗེས་མ།:སི་རི་ཡཱ་རྒྱལ་ཁབ་ཀྱིས་རྩ་ཁྲིམས་གཏན་འབེབ་བྱེད་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་བཙུགས་པ།
  • དོ་སྣང་ཆེ་བའི་རྩོམ།