ཙན་པུ་ཡཱའི་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་ཉུང་མཐར་ཡང་མི་བཅོ་བརྒྱད་རྐྱེན་ལམ་དུ་ཤོར་བ།

        2011-10-17

ཙན་པུ་ཡཱའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་བཅོ་ལྔ་ཉིན་བདེན་དཔང་བྱས་དོན། རྒྱལ་ཁབ་དེ་ནས་ཉིན་དེར་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་སྟེ། ཉུང་མཐར་མི་བཅོ་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་བྱིས་པ་བཅུ་ཡོད་ཟེར།

ཉེན་རྟོག་ཕྱོགས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། ཚེས་བཅོ་ལྔ་ཉིན་གྱི་ཞོགས་པའི་དུས་ཚོད་ལྔ་དང་སྐར་མ་སུམ་ཅུའི་ཡས་མས་སུ་རྒྱལ་ས་ལུའུ་སཱ་ཁཱ་རུ་བགྲོད་པའི་འགྲུལ་སྐྱེལ་རླངས་འཁོར་ཆེ་བ་ཞིག་དང་ཐན་ཙན་ནི་ཡཱ་རུ་བགྲོད་པའི་དངོས་སྐྱེལ་རླངས་འཁོར་ཞིག་ཁཱ་ཕིས་ལི་མུའུ་པོ་ཞི་ས་ཆའི་ཉེ་འདབས་ནས་ཐོ་བརྒྱབ། ཤི་བོའི་ཁྲོད་སྐྱེས་པ་བཅུ་དང་བུད་མེད་བརྒྱད་ཡོད། གཞན་སྲོག་ཉེན་ལས་ཐར་བའི་མི་བཅུ་བདུན་པོ་ས་དེའི་སྨན་ཁང་དུ་བསྐྱལ་ཡོད།

ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། དོན་རྐྱེན་དེའི་འབྱུང་རྐྱེན་ནི་ལམ་གྱི་དཀྱོགས་མཚམས་ཤིག་བརྒྱུད་སྐབས་འགྲུལ་སྐྱེལ་རླངས་འཁོར་དེ་ཚོད་འཛིན་བྱེད་ཐབས་བྲལ་ནས་དངོས་སྐྱེལ་རླངས་འཁོར་ལ་ཐོ་བརྒྱབ་པ་རེད་ཟེར།

ཙན་པུ་ཡཱ་རྒྱལ་ཁབ་ཏུ་འགྲིམ་འགྲུལ་དོན་རྐྱེན་མང་དུ་འབྱུང་བཞིན་ཡོད་པ་དང་། རྒྱུ་རྐྱེན་གཙོ་བོ་ནི་ལམ་མི་བདེ་བ་དང་ཁ་ལོ་བར་ནོར་འཆུག་བྱུང་བ། ཐེག་ཚད་ལས་བརྒལ་བ་སོགས་རེད། ཙན་པུ་ཡཱའི་འགྲིམ་འགྲུལ་སྡེ་ཁག་གི་རྒྱུ་ཆ་ལྟར་ན། རྒྱལ་ཁབ་དེར་ལོ་རེར་ཧ་ལམ་མི་སྟོང་གཅིག་དང་ཉིས་བརྒྱ་ཙམ་འགྲིམ་འགྲུལ་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་གྱིན་ཡོད།

  • ལེ་ཚན་སྔོན་མ།:ལི་པུ་ཡཱའི་དབང་འཛིན་ལས་ཁུངས་ཀྱིས་ཁཱ་ཀྲ་ཧྥེ་ཡི་བུ་བཞི་བ་མུའུ་ཐཱ་ཞི་མུའུ་འཛིན་བཟུང་བྱས་པར་བཤད་པ།
  • ལེ་ཚན་རྗེས་མ།:ལི་པུ་ཡཱའི་དབང་འཛིན་ལས་ཁུངས་ཀྱི་དྲག་ཆས་པས་སུའུ་ཨར་ཐི་ནས་ཁཱ་ཀྲ་ཧྥེ་ཡི་རྒྱབ་སྐྱོར་མཁན་གྱི་འཇབ་རྒོལ་སྔོ
  • དོ་སྣང་ཆེ་བའི་རྩོམ།