པཱ་ལོ་ཙོ་ཡིས་ཡོ་རོབ་གླིང་གི་སྒོར་མོ་བཀོལ་བའི་ས་ཁུལ་གྱི་དངུལ་བུན་ཉམས་ཉེན་ཐག་གཅོད་བྱེད་པའི་ལམ་ཐིག་འཆར་གཞི་བཏོན་པ།

བསོད་ནམས་ཚེ་རིང་།        2011-10-13

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པཱ་ལོ་ཙོ་ཡིས་ཚེས་བཅུ་གཉིས་ཉིན་པུའུ་ལུའུ་སེ་ཨར་ནས་བསྡུས་པའི་ཡོ་རོབ་གླིང་གྲོས་ཁང་གི་ཚང་འཛོམས་གྲོས་ཚོགས་སྟེང་གཏམ་བཤད་སྤེལ་ཏེ། དེང་སྐབས་ཀྱི་ཡོ་རོབ་གླིང་གི་སྒོར་མོ་བཀོལ་བའི་ས་ཁུལ་གྱི་དངུལ་བུན་ཉམས་ཉེན་ཐག་གཅོད་བྱེད་པའི་ལམ་ཐིག་འཆར་གཞི་བཏོན།པཱ་ལོ་ཙོ་ཡིས་བཏོན་པའི་ལམ་ཐིག་འཆར་གཞི་དེ་ལ།བྱ་སྤྱོད་ནུས་ལྡན་སྤྱད་དེ་ཞི་ལཱ་རྒྱལ་ཁབ་ལ་རོགས་རམ་བྱས་ཏེ་མི་རྣམས་ཀྱི་ཞི་ལཱའི་དཔལ་འབྱོར་མདུན་ལྗོངས་ཐད་ཀྱི་སེམས་ཁུར་མེད་པར་གཏོང་བ་དང་།ཡོ་རོབ་གླིང་དངུལ་ལོར་བརྟན་འཇགས་ཀྱི་ཕན་འབྲས་དང་ཡོ་རོབ་གླིང་གི་བརྟན་འཇགས་ནང་རྐྱེན་རྒྱ་བསྐྱེད་པ་སོགས་ཡོ་རོབ་གླིང་གི་སྒོར་མོ་བཀོལ་བའི་ས་ཁུལ་གྱི་ཐེ་གཏོགས་ནུས་པར་ཤུགས་སྣོན་བྱེད་པ།ཡོ་རོབ་གླིང་གི་དངུལ་ཁང་སོ་སོའི་བར་གྱི་མཐུན་སྦྱོར་དང་མཉམ་ལས་ལ་ཤུགས་སྣོན་བྱེད་པ།བརྟན་འཇགས་ལ་སྲུང་སྐྱོབ་དང་འཕར་སྣོན་ལ་སྐུལ་འདེད་གཏོང་བར་ཕན་པ་ཡོད་པའི་སྲིད་ཇུས་ལག་བསྟར་བྱེད་པ།ཡོ་རོབ་གླིང་གི་སྒོར་མོ་བཀོལ་བའི་ས་ཁུལ་གྱི་རྒྱལ་ཁབ་སོ་སོས་མཉམ་དུ་འགུལ་བསྐྱོད་སྤེལ་ཏེ་གཅིག་གྱུར་དང་སྟོབས་ལྡན་གྱི་དཔལ་འབྱོར་དོ་དམ་རྣམ་པ་བརྩོན་ལེན་བྱེད་པ་སོགས་འདུས།
  • ལེ་ཚན་སྔོན་མ།:རྟེན་གཞི་རྩ་འཛུགས་ཡེ་མིན་ཡན་ལག་རུ་ཁག་གིས་ཨོ་ལཱ་ཅི་ཤི་བ་ཁས་ལེན་བྱས་པ།
  • ལེ་ཚན་རྗེས་མ།:ཨ་མེ་རི་ཁའི་རྒྱལ་ཚོགས་དམངས་གྲོས་ཁང་གིས་རང་དབང་ཉོ་ཚོང་གྲོས་ཆོད་གསུམ་ལ་ཆོག་མཆན་བཀོད་པ།
  • དོ་སྣང་ཆེ་བའི་རྩོམ།