ཏའོ་མུས་ནེ་ཀ་རྒྱལ་ཁབ་ཀྱི་དུག་འགོག་མི་སྣས་དུག་རྫས་སྤྱི་རྒྱ་སྟོང་གཅིག་དང་བཞི་བརྒྱ་ལྷག་རྩད་ཆོད་པ།

        2011-10-09

ཏའོ་མུས་ནེ་ཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་དུག་རྫས་ཚོད་འཛིན་ཅུའུ་ཡིས་ཚེས་བརྒྱད་ཉིན་ཁྱབ་སྒྲོག་བྱས་དོན། ཏའོ་མུས་ནེ་ཀའི་དུག་འགོག་མི་སྣས་ཚེས་བདུན་ཉིན་རྒྱལ་ས་ཧྲིན་ཏའོ་མེན་ཀི་ནས་དུག་འགོག་འགུལ་བསྐྱོད་སྤེལ་ཏེ། དུག་རྫས་ལྐོག་འཚོང་བྱེད་པའི་གྱོད་གཞི་ཆེན་པོ་གཉིས་རྩད་ཆོད་པ་དང་། བསྡོམས་པས་དུག་རྫས་སྤྱི་རྒྱ་སྟོང་གཅིག་དང་བཞི་བརྒྱ་སོ་བཞི་གཞུང་བཞེས་བྱས་ལ། དུག་རྫས་ལྐོག་འཚོང་ལ་འབྲེལ་བ་ཡོད་པའི་དོགས་ཡོད་ཉེས་ཅན་གཅིག་འཛིན་བཟུང་བྱས་ཟེར།དུག་རྫས་ཚོད་འཛིན་ཅུའུ་ཡིས་སྤེལ་བའི་སྤྱི་སྒྲོག་ལས་བཤད་རྒྱུར། ཚེས་བདུན་ཉིན་གྱི་ཕྱི་དྲོར། ཏའོ་མུས་ནེ་ཀིའི་དུག་འགོག་མི་སྣས་ཧྲི་ཏའོ་མེན་ཀི་གྲོང་ཁྱེར་ཤར་ཁུལ་གྱི་སྒེར་གྱི་སྡོད་ཁང་ཞིག་ནས་དུག་རྫས་ཁུག་མ་སྟོང་གཅིག་དང་གོ་གཅིག་རྩད་ཆོད་པ་དང་། སྤྱིའི་ལྗིད་ཚད་ལ་སྤྱི་རྒྱ་སྟོང་གཅིག་དང་གོ་བརྒྱད་ཡོད། མིང་ལ་ལན་ཏིས་བཀའ་ཟེར་བའི་རྒྱལ་སྤྱིའི་དུག་རྫས་ལྐོག་འཚོང་སྡེ་ཚོགས་ཀྱི་ཁོངས་མི་ཞིག་འཛིན་བཟུང་བྱས་ཟེར། སྤྱི་སྒྲོག་ལས་དུག་འགོག་མི་སྣས་ཉིན་དེའི་དགོང་མོར་ཧྲིན་ཏའོ་མེན་ཀི་གྲོང་ཁྱེར་ཤར་ཁུལ་གྱི་གྲུ་ཁ་ཞིག་ནས་དུག་རྫས་སྤྱི་རྒྱ་སུམ་བརྒྱ་དང་སོ་དྲུག་རྩད་ཆོད་པ་དང་། དུག་རྫས་དེ་དག་བསྡོམས་པས་ཁུག་མ་ཆུང་ཆུང་སུམ་བརྒྱ་དང་སོ་གསུམ་དུ་བགོས་ཡོད་ལ། སྨན་བཅོས་དཔྱད་ཆས་བཅུག་ཡོད་པའི་སྒམ་ཞིག་གི་ནང་སྦས་ཡོད་ཟེར།རྟོག་ཞིབ་རགས་ཙམ་བྱས་པ་ལྟར་ན། ཁོ་ལོམ་པུ་ཡཱ་ནས་ཡོང་བའི་དུག་རྫས་སྐོར་དེ་གཉིས་དུས་ཡུན་རིང་བོར་ཏའོ་མུས་ནེ་ཀའི་མངའ་ཁོངས་སུ་འགུལ་བསྐྱོད་བྱེད་པའི་རྒྱལ་སྤྱིའི་དུག་རྫས་ལྐོག་འཚོང་སྡེ་ཚོགས་ཀྱི་ཡིན་པ་དང་། དུག་རྫས་ལྐོག་འཚོང་ཉེས་ཅན་གྱིས་དུག་རྫས་དེ་དག་ཨ་མེ་རི་ཁ་དང་ཡོ་རོབ་གླིང་དུ་ལྐོག་འཚོང་བྱེད་རྩིད་ཡོད་པ་རེད།

  • ལེ་ཚན་སྔོན་མ།:ལོན་ཏོན་ནས་ཨ་ཧྥུའུ་ཧན་འཐབ་འཁྲུག་བྱུང་ནས་ལོ་ངོ་བཅུ་འགོར་བར་རྗེས་དྲན་བྱེད་པའི་འཐབ་འཁྲུག་ལ་ངོ་རྒོལ་བྱེད
  • ལེ་ཚན་རྗེས་མ།:ཨུ་རུ་སུའི་ཕྱོགས་ཚོང་དོན་དངུལ་ཁང་གིས།མི་དམངས་ཤོག་སྒོར་གྱི་གསོག་དངུལ་ལས་སྒོ་སྤེལ་རྒྱུ་ཡིན་པ།
  • དོ་སྣང་ཆེ་བའི་རྩོམ།