ལོན་ཏོན་ནས་ཨ་ཧྥུའུ་ཧན་འཐབ་འཁྲུག་བྱུང་ནས་ལོ་ངོ་བཅུ་འགོར་བར་རྗེས་དྲན་བྱེད་པའི་འཐབ་འཁྲུག་ལ་ངོ་རྒོལ་བྱེད་པའི་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་སྤེལ་བ།

        2011-10-09

འཐབ་འཁྲུག་ལ་ངོ་རྒོལ་བྱེད་པའི་མང་ཚོགས་སྟོང་ཕྲག་ལྷག་ཚེས་བརྒྱད་ཉིན་ལོན་ཏོན་གྱི་ཐི་ལཱ་ཧྥ་ཅཱ་ཐང་ཆེན་དུ་འཛོམས་ཏེ་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་སྤེལ་ནས། ཨ་ཧྥུའུ་ཧན་གྱི་འཐབ་འཁྲུག་བྱུང་ནས་ལོ་ངོ་བཅུ་འགོར་བར་རྗེས་དྲན་བྱས།རྔམ་སྟོན་ཁྲོམ་སྐོར་མཁན་གྱིས་འཐབ་འཁྲུག་ཁྲོད་རྐྱེན་ལམ་དུ་ཤོར་བའི་ཤི་བོར་མྱ་ངན་ཞུ་བའི་མཛད་སྒོ་བསྡུས་པ་དང་། ཨ་ཧྥུའུ་ཧན་གྱི་འཐབ་འཁྲུག་ཁྲོད་རྐྱེན་ལམ་དུ་ཤོར་བའི་དབྱིན་ཇིའི་དམག་མི་སྐོར་ཞིག་གི་མིང་སྒྲོག་འདོན་བྱས་པར་མ་ཟད། དབུགས་ལྒང་བར་སྣང་དུ་བཏང་ནས་ཁོ་ཚོར་རྗེས་དྲན་བྱས། རྔམ་སྟོན་ཁྲོམ་སྐོར་མཁན་གྱིས་སྤྱི་ཚོགས་འབྲེལ་འདྲིས་དྲ་ཚིགས་བརྒྱུད་དེ་འཐབ་འཁྲུག་ལ་ངོ་རྒོལ་བྱེད་པའི་བརྡ་འཕྲིན་མང་བོ་ཁྱབ་སྒྲོག་བྱས།འཐབ་འཁྲུག་མཚམས་འཇོག་པའི་མནའ་འབྲེལ་གྱི་མགྲིན་ཚབ་པས་བསྟན་དོན། ཨ་ཧྥུའུ་ཧན་གྱི་འཐབ་འཁྲུག་བྱུང་ནས་ལོ་ངོ་བཅུ་འགོར་བའི་རིང་ལ་ཤི་རྨས་མང་དུ་བྱུང་། དབྱིན་ཇིའི་སྲིད་གཞུང་གིས་འཐབ་འཁྲུག་གིས་དབྱིན་ཇི་སྔར་ལས་བརྟན་འཇགས་སུ་གྱུར་བར་བཤད་པ་ནི་རྫུན་གཏམ་ཁོ་ན་ཡིན་པ་དང་། དམངས་ཀྱི་བསམ་འཆར་ལ་རྟོག་དཔྱོད་བྱས་པ་ལྟར་ན། དབྱིན་ཇིའི་མི་མང་བོས་ཨ་ཧྥུའུ་ཧན་ནས་དམག་དཔུང་ཕྱིར་འཐེན་བྱེད་པར་རེ་བ་བྱེད་བཞིན་ཡོད་ལ། སྲིད་གཞུང་གིས་དམངས་ཀྱི་བསམ་འཆར་ལ་བརྩི་འཇོག་བྱས་ཏེ་དམག་དཔུང་ཕྱིར་འཐེན་བྱེད་པའི་དུས་ཚོད་གཏན་འཁེལ་གསལ་བོ་བྱས་ནས་ཁྱབ་སྒྲོག་བྱེད་དགོས་ཟེར།

  • ལེ་ཚན་སྔོན་མ།:ཁོ་ལོམ་པུ་ཡཱའི་སྤྱི་སྤྱོད་རླངས་འཁོར་ཞིག་བྲག་རོང་དུ་ལྷུང་ནས་མི་བདུན་རྐྱེན་ལམ་དུ་ཤོར་བ་དང་མི་སོ་གཉིས་ལ
  • ལེ་ཚན་རྗེས་མ།:ཏའོ་མུས་ནེ་ཀ་རྒྱལ་ཁབ་ཀྱི་དུག་འགོག་མི་སྣས་དུག་རྫས་སྤྱི་རྒྱ་སྟོང་གཅིག་དང་བཞི་བརྒྱ་ལྷག་རྩད་ཆོད་པ།
  • དོ་སྣང་ཆེ་བའི་རྩོམ།