ཁོ་ལོམ་པུ་ཡཱའི་སྤྱི་སྤྱོད་རླངས་འཁོར་ཞིག་བྲག་རོང་དུ་ལྷུང་ནས་མི་བདུན་རྐྱེན་ལམ་དུ་ཤོར་བ་དང་མི་སོ་གཉིས་ལ་རྨས་ཕོག་པ།

        2011-10-09

ཁོ་ལོམ་པུ་ཡཱའི་བྱང་ཤར་ཕྱོགས་ཀྱི་ཨན་ཏིས་ཨོ་ཅི་ཡཱ་ཞིང་ཆེན་གྱི་སྤྱི་སྤྱོད་རླངས་འཁོར་ཞིག་ཚེས་བརྒྱད་ཉིན་ལམ་ངོས་ན་ཆུ་ཡོད་པའི་དབང་གིས་བྲག་རོང་དུ་ལྷུང་སྟེ། མི་བདུན་རྐྱེན་ལམ་དུ་ཤོར་བ་དང་། མི་སོ་གཉིས་ལ་རྨས་ཕོགཨན་ཏིས་ཨོ་ཅི་ཡཱ་ཞིང་ཆེན་གྱི་ཨ་ལོ་ནེ་གྲོང་ཁྱེར་གྱི་ཧྲི་ཀྲང་ཅི་ལེ་ཨར་མའོ་ཡིས་གསར་འགོད་པར་བཤད་རྒྱུར། དོན་རྐྱེན་བྱུང་སྐབས་མི་ཞེ་ལྔ་དྲུད་པའི་སྤྱི་སྤྱོད་རླངས་འཁོར་དེ་ཨན་ཏིས་ཨོ་ཅི་ཡཱ་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་མེད་ཏི་ལིན་དང་བར་ཐག་སྤྱི་ལེ་བརྒྱ་དང་དོན་གསུམ་ཡོད་པའི་ཨ་ལོ་ནེ་གྲོང་ཁྱེར་ཉེ་འདབས་ཀྱི་གཞུང་ལམ་དུ་བགྲོད་བཞིན་ཡོད་པ་དང་། བསྟུད་མར་ཉིན་འགའི་རིང་དྲག་ཆར་བབས་པའི་དབང་གིས་ལམ་ངོས་སུ་ཆུ་ཡོད་པས། དཀྱོགས་མཚམས་ཞིག་ནས་ཁ་ལོ་བྱེད་ཐབས་བྲལ་ནས་བྲག་རོང་དུ་ལྷུང་བ་རེད་ཟེར།ཁོ་ལོམ་པུ་ཡཱའི་དབང་འཛིན་ལས་ཁུངས་ཀྱིས་མྱུར་དུ་རྒུད་སྐྱོབ་བྱ་འགུལ་སྤེལ། མཁའ་དམག་གི་གྱེན་འཕུར་གནམ་གྲུ་བཀོལ་ནས་རྨས་མ་རྣམས་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་དུ་བཅུག མིག་སྔའི་བར་འགྲུལ་བ་བདུན་རྐྱེན་ལམ་དུ་ཤོར་བ་དང་། མི་སོ་གཉིས་ལ་རྨས་ཕོག་ཡོད། དེའི་ནང་མི་བདུན་གྱི་རྨས་སྐྱོན་ཅུང་ཚབས་ཆེན་ཡིན།

  • ལེ་ཚན་སྔོན་མ།:ཡེ་མིན་གྱི་ཙུང་ཐུང་གིས་མ་འོངས་པའི་ཉིན་འགའི་ནང་དབང་ཆ་བསྐྱུར་རྒྱུའི་བསམ་ཚུལ་བསྟན་པ།
  • ལེ་ཚན་རྗེས་མ།:ལོན་ཏོན་ནས་ཨ་ཧྥུའུ་ཧན་འཐབ་འཁྲུག་བྱུང་ནས་ལོ་ངོ་བཅུ་འགོར་བར་རྗེས་དྲན་བྱེད་པའི་འཐབ་འཁྲུག་ལ་ངོ་རྒོལ་བྱེད
  • དོ་སྣང་ཆེ་བའི་རྩོམ།