ཡེ་མིན་གྱི་ཙུང་ཐུང་གིས་མ་འོངས་པའི་ཉིན་འགའི་ནང་དབང་ཆ་བསྐྱུར་རྒྱུའི་བསམ་ཚུལ་བསྟན་པ།

        2011-10-09

ཡེ་མིན་གྱི་ཙུང་ཐུང་གིས་མ་འོངས་པའི་ཉིན་འགའི་ནང་དབང་ཆ་བསྐྱུར་རྒྱུའི་བསམ་ཚུལ་བསྟན་པ།
འདི་ནི་ཟླ་བཅུ་བའི་ཚེས་བརྒྱད་ཉིན་ཡེ་མིན་གྱི་ཙུང་ཐུང་སཱ་ལེ་ཧི་ཡིས་རྒྱལ་ཁབ་བརྙན་འཕྲིན་ཁང་ནས་གཏམ་བཤད་སྤེལ་བཞིན་བའི་ཚུལ་རེད།
 

ཡེ་མིན་གྱི་ཙུང་ཐུང་སཱ་ལེ་ཧི་ཡིས་ཚེས་བརྒྱད་ཉིན་རྒྱལ་ཁབ་བརྙན་འཕྲིན་ཁང་ནས་གཏམ་བཤད་སྤེལ་ཏེ། ཁོས་མ་འོངས་པའི་ཉིན་འགའི་ནང་དབང་ཆ་བསྐྱུར་རྒྱུ་ཡིན་ཟེར།སཱ་ལེ་ཧི་ཡིས་བཤད་རྒྱུར། ངས་མ་འོངས་པའི་ཉིན་འགའི་ནང་དབང་ཆ་བསྐྱུར་རྒྱུ་ཡིན་ཟེར། ཁོས་ད་རུང་ཁོའི་རྒྱབ་སྐྱོར་མཁན་གྱིས་འབྱུང་སྲིད་པའི་འགྲན་རྩོད་གང་རུང་ཐག་གཅོད་བྱེད་དགོས་པའི་རེ་བ་བཏོན།ཡེ་མིན་རྒྱལ་ཡོངས་ཀྱི་ས་ཆ་སོ་སོ་ནས་ད་ལོའི་ཟླ་དང་པོའི་ཟླ་དཀྱིལ་ནས་བཟུང་བསྟུད་མར་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་བྱུང་། སཱ་ལེ་ཧི་ལ་ཟླ་དྲུག་པའི་ཙུང་ཐུང་བཞུགས་ཤག་ལ་འཇབ་རྒོལ་ཐེབས་པའི་དོན་རྐྱེན་ཁྲོད་རྨས་ཕོག་སྟེ་སོ་ཏི་ཨ་རབ་རྒྱལ་ཁབ་ཏུ་སོང་ནས་སྨན་བཅོས་བྱས་པ་དང་། སཱ་ལེ་ཧི་ཟླ་དགུ་བར་རྨས་སྐྱོན་སངས་དྲག་ཏུ་གྱུར་ནས་ཕྱིར་ལོག་པའི་ཚུན་ལ། རྒྱལ་ནང་གི་གནས་བབ་མུ་མཐུད་དུ་ཟང་ཟིང་དུ་གྱུར། སྲིད་འཛིན་ཏང་དང་ངོ་རྒོལ་ཏང་མནའ་འབྲེལ་གྱི་ཙུང་ཐུང་གིས་དབང་ཆ་སྤྲོད་པའི་སྐོར་གྱི་གྲོས་མོལ་ཛ་དྲག་གི་གནས་སུ་ལྷུང་བ་རེད།

  • ལེ་ཚན་སྔོན་མ།:དབྱི་རག་ལྷོ་ཕྱོགས་ས་ཁུལ་ནས་སྣུམ་འདྲེན་སྦུག་ལམ་འགས་གཏོར་བྱུང་བའི་དོན་རྐྱེན་བྱུང་བ།
  • ལེ་ཚན་རྗེས་མ།:ཁོ་ལོམ་པུ་ཡཱའི་སྤྱི་སྤྱོད་རླངས་འཁོར་ཞིག་བྲག་རོང་དུ་ལྷུང་ནས་མི་བདུན་རྐྱེན་ལམ་དུ་ཤོར་བ་དང་མི་སོ་གཉིས་ལ
  • དོ་སྣང་ཆེ་བའི་རྩོམ།