ཁྲའོ་ཞན་གྱིས་ཧན་གོས་དམག་དོན་རྒྱལ་མཚམས་ཉེ་འདབས་ནས་བསྒྲགས་ཡིག་བཀྲམས་པར་རྒོལ་གཏམ་བཏང་བ།

        2011-10-09

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་བརྒྱད་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཁྲའོ་ཞན་དང་ཧན་གོའི་དམག་དཔོན་རིམ་པའི་གྲོས་མོལ་གྱི་ཁྲའོ་ཞན་ཕྱོགས་ཀྱི་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ཡིས་ཚེས་བརྒྱད་ཉིན་ཧན་གོ་ཕྱོགས་ལ་ཉེན་བརྡའི་བརྡ་ཐོ་བཏང་སྟེ། ཉེ་སྔོན་ཧན་གོ་ཕྱོགས་ཀྱིས་ཁྲའོ་ཞན་གྱི་མཚོ་ཁོངས་སུ་བཙན་འཛུལ་བྱས་པ་དང་དམག་དོན་རྒྱལ་མཚམས་ཉེ་འདབས་ནས་ཁྲའོ་ཞན་ཕྱོགས་ལ་བསྒྲགས་ཡིག་བཀྲམས་པར་རྒོལ་གཏམ་བཏང་།ཁྲའོ་ཞན་ཕྱོགས་ཀྱིས་བརྡ་ཐོ་ལས་བཤད་རྒྱུར། ཧན་གོ་ཕྱོགས་ཀྱིས་ཚད་ལས་བརྒལ་བའི་དཀྲུགས་འཕེན་གྱི་བྱ་སྤྱོད་ནི་ཞི་འཇགས་སུ་འགྲོ་བཞིན་པའི་འགྲིག་མཐུན་གྱི་སྣང་ཚུལ་ཇེ་སྡུག་ཏུ་གཏོང་བའི་མི་རིགས་དང་ཞི་བདེ་ལ་རྒོལ་བའི་ནག་ཉེས་བྱ་སྤྱོད་ཅིག་ཡིན་པ་དང་། ལྷོ་བྱང་གྲོས་མཐུན་དང་འགལ་ཡོད་ལ། འཁྲུག་རྩོད་མཚམས་འཇོག་པའི་ཆོད་དོན་ལའང་གཏོར་བརླག་བྱས་ཡོད་ཟེར།

  • ལེ་ཚན་སྔོན་མ།:ཨེ་ཤ་ཡཱའི་རྒྱལ་ཁབ་བཅུ་གཅིག་གིས་མཉམ་དུ་གཟུགས་འདས་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་བྱེད་པར་གྲོས་བསྡུར་བྱས་
  • ལེ་ཚན་རྗེས་མ།:དབྱི་རག་ལྷོ་ཕྱོགས་ས་ཁུལ་ནས་སྣུམ་འདྲེན་སྦུག་ལམ་འགས་གཏོར་བྱུང་བའི་དོན་རྐྱེན་བྱུང་བ།
  • དོ་སྣང་ཆེ་བའི་རྩོམ།