ཨེ་ཤ་ཡཱའི་རྒྱལ་ཁབ་བཅུ་གཅིག་གིས་མཉམ་དུ་གཟུགས་འདས་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་བྱེད་པར་གྲོས་བསྡུར་བྱས་པ།

        2011-10-09

ཨེ་ཤ་ཡཱའི་རྒྱལ་ཁབ་བཅུ་གཅིག་གི་རིག་གནས་པུའུ་ཀྲང་དང་མཐོ་རིམ་དཔོན་པོ་དག་ཚེས་བརྒྱད་ཉིན་ཞང་ཀང་དུ་འཛོམས་ཏེ། ཇི་ལྟར་སྔར་ལས་ལྷག་པའི་སྒོ་ནས་གཟུགས་འདས་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་དང་རྒྱུན་འཛིན། དར་སྤེལ་བཅས་བྱེད་པའི་ཐད་ནས་ལྟ་ཚུལ་དང་ཉམས་མྱོང་བརྗེ་རེས་བྱས།ཉིན་དེར་བསྡུས་པའི་ཨེ་ཤ་ཡཱའི་རིག་གནས་པུའུ་ཀྲང་གི་བཞུགས་མོལ་ཚོགས་འདུ་དེ་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་དམངས་སྲིད་ལས་དོན་ཅུའུ་ཡིས་གཙོ་སྒྲུབས་བྱས་པ་དང་། ཀྲུང་གོ་དང་ཁམ་ཕེ་ཀྲེ། ཧིན་རྡུ་ཉི་ཞི་ཡཱ། འཇར་པན། ཧན་གོ། ལའོ་ཝའོ། འབར་མ། ཧྥེ་ལེ་པེན། སིང་ག་ཕོར། ཐེ་གོ། ཡོ་ནན་བཅས་ཀྱི་རིག་གནས་པུའུ་ཀྲང་དང་མཐོ་རིམ་དཔོན་པོ་བཞུགས་མོལ་ཚོགས་འདུར་ཞུགས། ཐེངས་འདིའི་བཞུགས་མོལ་ཚོགས་འདུ་ནི་ཨེ་ཤ་ཡཱའི་རིག་གནས་མཉམ་ལས་གླེང་སྟེགས་ཉིས་སྟོང་བཅུ་གཅིག་ཅེས་པའི་བྱ་འགུལ་གཙོ་བོའི་ཡ་གྱལ་ཞིག་ཡིན་པ་དང་། ཐེངས་འདིའི་གླེང་སྟེགས་ཀྱི་བརྗོད་སྙིང་ནི་གཟུགས་འདས་ཤུལ་བཞག་རིག་གནས་ལ་སྲུང་སྐྱོབ་བྱེད་པ་སྟེ་འདུ་ཤེས་ནས་ལག་ལེན་ཞེས་པ་དེ་ཡིན།ཀྲུང་གོའི་རིག་གནས་པུའུ་ཡི་པུའུ་ཀྲང་ཚེ་བུའུ་ཡིས་བཞུགས་མོལ་ཚོགས་འདུའི་སྟེང་ཀྲུང་གོའི་གཟུགས་འདས་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་བྱེད་པའི་ཐད་ཀྱི་བྱེད་ཐབས་དང་ཉམས་མྱོང་མཚམས་སྦྱོར་བྱས། ཁོས་བཤད་རྒྱུར། སྲུང་སྐྱོབ་བྱ་བའི་ཁྲོད་ཀྲུང་གོའི་སྲིད་གཞུང་གིས་གཙོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས། ཉིས་སྟོང་བཅུ་གཅིག་ལོའི་ཟླ་དྲུག་པའི་ཚེས་གཅིག་ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཟུགས་འདས་རིག་གནས་ཤུལ་བཞག་གི་བཅའ་ཁྲིམས་དངོས་སུ་ནུས་ལྡན་དུ་གྱུར་བ་དང་། ཉིས་སྟོང་བཅུ་གཅིག་ལོར་ཀྲུང་དབྱང་ནོར་སྲིད་ཀྱིས་རིམ་བསགས་ཀྱིས་མི་དམངས་ཤོག་སྒོར་དུང་ཕྱུར་བཅུ་བཞི་དང་བྱེ་བ་དགུ་ས་ཡ་དགུ་བཏང་སྟེ་གཟུགས་འདས་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་བྱེད་པའི་བྱ་བའི་ཐད་བཀོལ་བ་རེད།

  • ལེ་ཚན་སྔོན་མ།:ཧན་གོ་དང་པུར་ཀ་རི་ཡཱའི་ཙུང་ལི་ཡིས་གྲོས་མོལ་བྱས་པ།
  • ལེ་ཚན་རྗེས་མ།:ཁྲའོ་ཞན་གྱིས་ཧན་གོས་དམག་དོན་རྒྱལ་མཚམས་ཉེ་འདབས་ནས་བསྒྲགས་ཡིག་བཀྲམས་པར་རྒོལ་གཏམ་བཏང་བ།
  • དོ་སྣང་ཆེ་བའི་རྩོམ།