འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འཛམ་གླིང་ཡོངས་ཀྱི་གྲོང་ཁྱེར་མི་ཉུང་བ་ཞིག་གི་མཁའ་དབུགས་སྤུས་ཚད་ཧ་ཅང་ཞན་པར་བཤད་པ།

        2011-09-28

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་ཉེར་དྲུག་ཉིན་རི་ནེ་ཝ་ནས་ཡིག་ཆ་ཞིག་སྤེལ་ཏེ། རྩ་འཛུགས་དེས་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་དང་ས་ཁུལ་གོ་གཅིག་གི་གྲོང་ཁྱེར་སྟོང་གཅིག་དང་བརྒྱའི་མཁའ་དབུགས་སྤུས་ཚད་ཀྱི་སྙན་ཞུ་ལ་དབྱེ་ཞིབ་བྱས་པ་ལྟར་ན། འཛམ་གླིང་ཡོངས་ཀྱི་གྲོང་ཁྱེར་མི་ཉུང་བ་ཞིག་གི་མཁའ་དབུགས་སྤུས་ཚད་ཧ་ཅང་མི་བཟང་བ་དང་། མིའི་རིགས་ཀྱི་བདེ་ཐང་ལ་འཇིགས་ཉེན་བཟོ་བཞིན་ཡོད་ཟེར།འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བསྟན་དོན། འཛམ་གླིང་ཡོངས་སུ་ལོ་རེར་མི་ས་ཡ་གཉིས་ལྷག་མཁའ་དབུགས་ཁྲོད་ཀྱི་མི་གཙང་བའི་རྡུལ་ཕྲ་རྔུབ་པ་ལས་སྙིང་ནད་དང་གློ་བའི་འབྲས་སྐྲན། དབུགས་ལམ་གྱི་ནད་སོགས་བྱུང་སྟེ་ཚེ་སྲོག་ཤོར་བཞིན་ཡོད་ཟེར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཉིས་སྟོང་ལྔ་ལོར་ཁྱབ་བསྒྲགས་བྱས་པའི་མཁའ་དབུགས་ཀྱི་སྤུས་ཚད་ཀྱི་ཚད་གཞི་ནི་མཁའ་དབུགས་ཁྲོད་མི་གཙང་བའི་རྡུལ་ཕྲའི་འདུས་ཚད་དེ་རྒྱ་དཔངས་སྨིས་རེར་ཝེ་ཁི་ཉི་ཤུ་ལས་དམའ་དགོས་པ་ཡིན་ཡང་། མིག་སྔར་གྲོང་ཁྱེར་རེ་འགའི་མཁའ་དབུགས་ཁྲོད་འདུས་པའི་མི་གཙང་བའི་རྡུལ་ཕྲ་ཆེས་མང་བ་རྒྱ་དཔངས་སྨིས་རེར་ཝེ་ཁི་སུམ་བརྒྱ་ལ་སླེབ་ཡོད་ཟེར།

  • ལེ་ཚན་སྔོན་མ།:སི་རི་ཡཱའི་ཕྱི་འབྲེལ་བློན་ཆེན་གྱིས་སི་རི་ཡཱའི་མི་དམངས་ལ་ཕྱི་ཕྱོགས་ཀྱི་ཐེ་གཏོགས་གང་རུང་ལ་ངོ་རྒོལ་བྱེད
  • ལེ་ཚན་རྗེས་མ།:ལི་པུ་ཡཱའི་དབང་འཛིན་ལས་ཁུངས་ཀྱིས་དམག་དོན་བཀོད་འདོམས་དཔོན་པོ་ལྐོག་གསོད་བྱས་པའི་དོན་རྐྱེན་ལ་རྟོག་ཞིབ་བ
  • དོ་སྣང་ཆེ་བའི་རྩོམ།