ཧྥ་རན་སིའི་ཙུང་ཐུང་གིས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་སྤྱི་ཚོགས་ལས་ཞུགས་ཀྱི་ལྟ་ཞིབ་དོ་དམ་ལ་ཤུགས་སྣོན་དགོས་པའི་འབོད་སྐུལ་བཏང་བ།

        2011-09-28

ཧྥ་རན་སིའི་ཙུང་ཐུང་སཱ་ཁི་ཆི་ཡིས་ཚེས་ཉེར་དྲུག་ཉིན་ཕཱ་རེ་སི་ནས་བསྟན་དོན། འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་སྤྱི་ཚོགས་ལས་ཞུགས་ཀྱི་ལྟ་ཞིབ་དོ་དམ་ལ་ཤུགས་སྣོན་བྱས་ཏེ། རྒྱལ་ཁབ་སོ་སོར་ཆེས་དམའ་བའི་སྤྱི་ཚོགས་ལས་ཞུགས་ཀྱི་འགན་སྲུང་ལ་ཁག་ཐེག་བྱས་ནས་དཔལ་འབྱོར་ཉམས་ཉེན་གྱི་ཤུགས་རྐྱེན་ཐག་གཅོད་བྱེད་དགོས་ཟེར།

སཱ་ཁི་ཆི་ཡིས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ངལ་རྩོལ་བཟོ་བའི་པུའུ་ཀྲང་གྲོས་ཚོགས་ཀྱི་ཚོགས་ཞུགས་འཐུས་མི་ལ་ཐུག་འཕྲད་བྱེད་སྐབས་བསྟན་དོན། དཔལ་འབྱོར་ཉམས་ཉེན་གྱི་དབང་གིས་ལོ་གཉིས་ཙམ་གྱི་དུས་ཚོད་ནང་མི་བྱེ་བ་གསུམ་གྱི་ལས་ཀ་ཤོར་བས། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་དངུལ་ལོར་ལྟ་ཞིབ་དོ་དམ་དང་དཔལ་འབྱོར་ལྟ་ཞིབ་དོ་དམ་ནན་བཤད་བྱས་པར་མ་ཟད། འཛམ་གླིང་ཡོངས་ནས་སྤྱི་ཚོགས་ལས་ཞུགས་ཀྱི་ལྟ་ཞིབ་དོ་དམ་ལ་ཤུགས་སྣོན་བྱེད་དགོས་ཟེར།

རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ངལ་རྩོལ་བཟོ་བའི་པུའུ་ཀྲང་གིས་ཚེས་ཉེར་དྲུག་ཉིན་ནས་ཚེས་ཉེར་བདུན་ཉིན་བར་ཕཱ་རེ་སི་ནས་ཚོགས་ཡུན་ཉིན་གཉིས་ཀྱི་གསང་བའི་གྲོས་མོལ་བྱས་ཏེ། ཟླ་བཅུ་གཅིག་པར་ཧྥ་རན་སིའི་ཀཱ་ནཱ་ནས་བསྡུ་རྒྱུ་ཡིན་པའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་ལ་གྲ་སྒྲིག་བྱས།

  • ལེ་ཚན་སྔོན་མ།:རྒྱལ་ཁབ20སྡེ་ཚོགས་ཀྱིས་འཕེལ་རྒྱས་གནད་དོན་གྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཐོག་མ་བསྡུས་པ།
  • ལེ་ཚན་རྗེས་མ།:སི་རི་ཡཱའི་ཕྱི་འབྲེལ་བློན་ཆེན་གྱིས་སི་རི་ཡཱའི་མི་དམངས་ལ་ཕྱི་ཕྱོགས་ཀྱི་ཐེ་གཏོགས་གང་རུང་ལ་ངོ་རྒོལ་བྱེད
  • དོ་སྣང་ཆེ་བའི་རྩོམ།