རྒྱལ་ཁབ20སྡེ་ཚོགས་ཀྱིས་འཕེལ་རྒྱས་གནད་དོན་གྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཐོག་མ་བསྡུས་པ།

བསོད་ནམས་ཚེ་རིང་།    མཚོ་སྔོན་བོད་སྐད་རླུང་འཕྲིན    2011-09-26

རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འཕེལ་རྒྱས་གནད་དོན་གྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཐོག་མ་དེ་ཚེས23ཉིན་ཝ་ཧྲིན་ཏོན་ནས་ཚོགས། གྲོས་ཚོགས་ནས་གཙོ་བོ་འབྲུ་རིགས་བདེ་འཇགས་དང་། རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན། འཕེལ་རྒྱས་ལས་གཞིའི་དངུལ་གསོག་གསར་སྐྲུན་སོགས་གནད་དོན་ལ་གྲོས་བསྡུར་བྱས།

གྲོས་ཚོགས་ནས་སྤེལ་བའི་སྤྱི་སྒྲོག་ལས། རྒྱལ་ཁབ20སྡེ་ཚོགས་ཀྱི་མགོ་ཁྲིད་པས་ཧྲིག་ཨར་མཐོ་རིམ་གྲོས་ཚོགས་སྟེང་ཧྲིག་ཨར་འཕེལ་རྒྱས་ཐུན་མོང་ངོས་ཟིན་དང་ལོ་བརྒལ་བའི་འགུལ་བསྐྱོད་འཆར་གཞི་ལ་གྲོས་འཆམ་བྱུང་བ་དང་། གྲོས་ཚོགས་ནས་འཕེལ་རྒྱས་གནད་དོན་ནི་སྔར་བཞིན་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་གྲོས་གཞི་གཙོ་བོ་ཡིན་པ་བསྐྱར་སྒྲོག་བྱས། རྒྱལ་ཁབ20སྡེ་ཚོགས་ཀྱིས་མུ་མཐུད་དུ་སྟོབས་དང་ལྡན་ཞིང་རྒྱུན་མཐུད། དོ་མཉམ་པའི་འཕར་སྣོན་ལ་ཡར་སྐུལ་བྱས་ཏེ་དབུལ་ཕྱུག་གི་བར་ཁྱད་ཇེ་ཆུང་དུ་བཏང་ནས། བཟོད་སྒོམ་མཉམ་སྤྱོད་ཀྱི་དཔལ་འབྱོར་འཕར་སྣོན་གསོ་སྤེལ་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་དབུལ་ཕོངས་སེལ་བའི་ལས་དོན་དང་ཕོ་མོ་འདྲ་མཉམ་སོགས་ལ་ཡར་སྐུལ་བྱས་ནས། མུ་མཐུད་དུ་ལས་ཞུགས་གསར་སྐྲུན་ཐད་བྱས་རྗེས་འཇོག་རྒྱུ་ཡིན་ཟེར།

སྤྱི་སྒྲོག་ལས་བཤད་རྒྱུར། གྲོས་ཚོགས་ནས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕར་སྣོན་གྱི་སྦས་ཤུགས་ཇེ་ཆེར་གཏོང་བའི་འགུལ་བསྐྱོད་གཉིས་ཏེ། འབྲུ་རིགས་བདེ་འཇགས་དང་རྨང་གཞིའི་སྒྲིག་ཆས་ལ་གྲོས་བསྡུར་བྱས། ཨ་ཧྥེ་རི་ཁའི་གླིང་སྣེ་ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འབྲུ་རིགས་བདེ་འཇགས་གནད་དོན་ཐག་གཅོད་པའི་དགོས་གལ་རང་བཞིན་ཇེ་དྲག་ཏུ་བཏང་། རྨང་གཞིའི་སྒྲིག་ཆས་དཀོན་པ་ལས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕར་སྣོན་སྦས་ཤུགས་ལ་གཏོར་བརླག་ཚབས་ཆེན་ཐེབས། གནད་དོན་དེ་ཐག་གཅོད་བྱེད་པ་ནི་ཁ་ཚ་དགོས་གཏུག་གི་དོན་ཞིག་རེད་ཟེར།

སྤྱི་སྒྲོག་ལས་བཤད་རྒྱུར། གྲོས་ཚོགས་ནས་རྒྱལ་ཁབ20སྡེ་ཚོགས་ཀྱི་འཕེལ་རྒྱས་བྱ་བའི་ཚན་ཆུང་གིས་ཧྲིག་ཨར་འཕེལ་རྒྱས་ཐུན་མོང་ངོས་ཟིན་དང་ལོ་བརྒལ་བའི་འགུལ་བསྐྱོད་འཆར་གཞི་ལ་ཡར་སྐུལ་བྱེད་པའི་ཐད་ནས་གྲུབ་འབྲས་བླངས་པར་དགའ་བསུ་ཞུས། འབྲེལ་ཡོད་སྙན་ཞུ་དེ་ད་ལོའི་ཟླ་བཅུ་གཅིག་པར་ཧྥ་རན་སིའི་ཀཱ་ནཱ་ནས་བསྡུ་རྒྱུ་ཡིན་པའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ལ་གྲོས་ཞིབ་བྱེད་པར་སྤྲོད་རྒྱུ་རེད།

ཐེངས་འདིའི་གྲོས་ཚོགས་ལ་ཧྥ་རན་སིའི་དཔལ་འབྱོར་དང་ནོར་སྲིད། བཟོ་ལས་བཅས་ཀྱི་པུའུ་ཀྲང་པཱ་ལུའུ་ཨན་དང་རྒྱལ་སྤྱིའི་མཉམ་ལས་པུའུ་ཀྲང་ཏི་ལན་ཀུའུ་གཉིས་ཀྱིས་མཉམ་དུ་མགོ་འཛིན་བྱས་པ་དང་། རྒྱལ་ཁབ20སྡེ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོའི་ནོར་སྲིད་བློན་ཆེན་དང་མཉམ་ལས་པུའུ་ཀྲང་གྲོས་ཚོགས་ལ་ཞུགས། །

  • ལེ་ཚན་སྔོན་མ།:ཨོ་པཱ་མཱ་ཡིས་རྒྱལ་ཚོགས་ཀྱིས་གང་མགྱོགས་སྒོས་ལས་ཞུགས་བཅའ་ཁྲིམས་འཆར་ཟིན་ལ་གྲོས་མཐུན་འགོད་དགོས་པའི་སྐུལ་
  • ལེ་ཚན་རྗེས་མ།:ཧྥ་རན་སིའི་ཙུང་ཐུང་གིས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་སྤྱི་ཚོགས་ལས་ཞུགས་ཀྱི་ལྟ་ཞིབ་དོ་དམ་ལ་ཤུགས་སྣོན་
  • དོ་སྣང་ཆེ་བའི་རྩོམ།