རྒྱ་གར་འབྲས་ལྗོངས་ས་ཁུལ་དུ་ས་འགུལ་བྱུང་བའི་ཤན་ཤུགས་ལས་བོད་ལྗོངས་ཀྱི་མི་བདུན་ཤི་བ་དང་མི་བརྒྱ་དང་སོ་དྲུག་རྨས་པ།

ཚེ་རིང་སྒྲོལ་མ།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2011-09-23

གསར་འགོད་པས་ཚེས་ཉེར་གཅིག་ཉིན་དམངས་སྲིད་པུའུ་རྒུད་སྐྱོབ་ཟི་ནས་ཤེས་པའི་གནས་ཚུལ་ལྟར་ན། རྒྱ་གར་འབྲས་ལྗོངས་ས་ཁུལ་དུ་ཚད་རིམ་དྲུག་དང་གྲངས་ཆུང་བརྒྱད་ཀྱི་ས་འགུལ་བྱུང་བའི་ཤན་ཤུགས་ལས་བོད་ལྗོངས་ཀྱི་གཞིས་ཀ་རྩེ་དང་། ལྷོ་ཁ་ས་ཁུལ་གྱི་རྫོང་བཅོ་བརྒྱད་ལ་ཚད་མི་འདྲ་བའི་གནོད་འཚེ་ཐེབས།བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིན་གྱིས་དམངས་སྲིད་པུའུ་ལ་ཡར་ཞུ་བྱས་པའི་གནོད་འཚེའི་གནས་ཚུལ་གཞིར་བཟུང་ན། ཚེས་ཉེར་གཅིག་ཉིན་གྱི་ཉིན་གུང་གི་དུས་ཚོད་བཅུ་གཉིས་བར་ཆེས་ཐོག་མར་སྡོམ་རྩིས་བྱས་པ་ལྟར་ན། སྡོམ་པས་མི་ཁྲི་བདུན་དང་སྟོང་ལྔ་ལྷག་ལ་གནོད་པ་ཐེབས་པ་དང་། མི་ཁྲི་གཅིག་དང་སྟོང་དགུ་ལྷག་བྲེལ་མྱུར་སྒོས་ས་གཞན་དུ་གནས་སྤོ་བྱས་ལ། མི་བདུན་ཤི་བ་དང་། མི་བརྒྱ་དང་སོ་དྲུག་ལ་རྨས་ཕོག་ཅིང་། ཁྱིམ་ཚང་སྟོང་བཞི་དང་ལྔ་བརྒྱ་ལྷག་གི་ཁང་བ་བརྡིབས་པ་དང་གཏོར་བརླག་ཚབས་ཆེན་ཐེབས། གཏོར་བརླག་ཅུང་ཙམ་ཐེབས་པའི་ཁང་བ་ཁྲི་གཅིག་དང་སྟོང་གསུམ་ལ་བསླེབས་ཟེར།མཚམས་སྦྱོར་བྱས་པའི་གནས་ཚུལ་ལྟར་ན། ས་འགུལ་གྱི་གནོད་འཚེ་ཐེབས་རྗེས། རྒྱལ་ཁབ་གནོད་འཚེ་ཇེ་ཉུང་དུ་གཏོང་བའི་བྱ་བའི་ཨུ་ཡོན་ལྷན་ཁང་དང་། དམངས་སྲིད་པུའུ་ཡིས་མྱུར་དུ་གནོད་འཚེ་ཐེབས་པའི་མང་ཚོགས་ལ་སྦྲ་གུར་དང་། ཉལ་ཐུལ། དགུན་ལྭ་སོགས་བསྐྱལ་ཏེ། གནོད་འཚེ་ཐེབས་པའི་མང་ཚོགས་བཀོད་སྒྲིག་བཟང་བོ་བྱེད་པའི་བྱ་བར་རོགས་སྐྱོར་བྱས།མིག་སྔར། གནོད་འཚེ་ཐེབས་པའི་ས་ཁུལ་གྱི་རྨས་ཕོག་པའི་མང་ཚོགས་རྣམས་དུས་ལྟར་མྱུར་སྐྱོབ་བྱས་པ་དང་། གཞི་རྩའི་འཚོ་བ་ཅུང་བཟང་བོའི་སྒོ་ནས་འགན་སྲུང་བྱས་ལ། གནོད་འགོག་རྒུད་སྐྱོབ་བྱ་བ་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བཞིན་ཡོད།

  • ལེ་ཚན་སྔོན་མ།:ཐུར་ཁེ་རྒྱལ་ཁབ་ཀྱིས་དབྱི་རག་མངའ་ཁོངས་ཀྱི་ཁུའུ་ཨར་ཏིའི་དམིགས་འབེན་ལ་བར་སྣང་ནས་འཇབ་རྒོལ་བྱས་པ།
  • ལེ་ཚན་རྗེས་མ།:ཨོ་པཱ་མཱ་ཡིས་རྒྱལ་ཚོགས་ཀྱིས་གང་མགྱོགས་སྒོས་ལས་ཞུགས་བཅའ་ཁྲིམས་འཆར་ཟིན་ལ་གྲོས་མཐུན་འགོད་དགོས་པའི་སྐུལ་
  • དོ་སྣང་ཆེ་བའི་རྩོམ།