ཐུར་ཁེ་རྒྱལ་ཁབ་ཀྱིས་དབྱི་རག་མངའ་ཁོངས་ཀྱི་ཁུའུ་ཨར་ཏིའི་དམིགས་འབེན་ལ་བར་སྣང་ནས་འཇབ་རྒོལ་བྱས་པ།

        2011-09-20

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་ཕྱོགས་ཀྱིས་ཚེས17ཉིན་བཤད་རྒྱུར། ཐུར་ཁེ་རྒྱལ་ཁབ་ཀྱི་འཐབ་འཛིང་གནམ་གྲུ་བཞི་ཉིན་དེར་དབྱི་རག་གི་བར་སྣང་དུ་འཕུར་ནས། དབྱི་རག་བྱང་ཕྱོགས་ཀྱི་ཐུར་ཁེ་དང་འབྲེལ་བའི་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱི་དམིགས་འབེན་རེ་འགར་བར་སྣང་ནས་འཇབ་རྒོལ་བྱས་ཟེར། མིག་གསྔར་ཤི་རྨས་ཀྱི་གནས་ཚུལ་བསྒྲགས་མེད།

དབྱི་རག་གི་ཙུང་ཐུང་ཐཱ་ལཱ་པཱ་ནེ་ཡིས་མགོ་ཁྲིད་པའི་ཁུའུ་ཨར་ཏི་སི་ཐན་རྒྱལ་གཅེས་མནའ་འབྲེལ་གྱིས་ཉིན་དེར་དྲ་ཚིགས་སྟེང་ཁྱབ་སྒྲོག་བྱས་དོན། ཐུར་ཁེ་རྒྱལ་ཁབ་ཀྱིས་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་ཨེ་ཨར་པུས་ལེ་ཞིང་ཆེན་གྱི་སེ་ཏིས་ཁན་ས་ཁུལ་གྱི་སྡེ་བ་རེ་འགར་དུས་ཚོད་གཅིག་རིང་འགས་གཏོར་བྱས་ཟེར།

ད་ལོའི་ཟླ8པར། ཁུའུ་ཨར་ཏི་བཟོ་བའི་ཏང་གི་དྲག་ཆས་པས་ཐུར་ཁེ་མངའ་ཁོངས་ནས་ཐུར་ཁེ་ཕྱོགས་ཀྱི་དམག་མི་ལ་འཇབ་རྒོལ་བྱས་ཏེ་ཤི་རྨས་བཟོས། དེའི་རྗེས་སུ་ཐུར་ཁེའི་དམག་ཕྱོགས་ཀྱིས་ཐེངས་མང་བོར་དབྱི་རག་མངའ་ཁོངས་ཀྱི་ཁུའུ་ཨར་ཏི་བཟོ་བཅི་ཏང་གི་དམིགས་འབེན་ལ་བར་སྣང་ནས་འཇབ་རྒོལ་བྱས། དབྱི་རག་ཕྱོགས་ཀྱིས་བཤད་རྒྱུར། བར་སྣང་གི་འཇབ་རྒོལ་དེ་དག་ལས་མི་སེར་དཀྱུས་མར་ཤི་རྨས་བཟོས་ཡོད་ཟེར། །

  • ལེ་ཚན་སྔོན་མ།:ཡོ་རོབ་གླིང་གི་བུད་མེད་ཚོགས་ཆེན་སྐབས་གསུམ་པ་ཧྭ་ཧྲ་ནས་ཚོགས་པ།
  • ལེ་ཚན་རྗེས་མ།:རྒྱ་གར་འབྲས་ལྗོངས་ས་ཁུལ་དུ་ས་འགུལ་བྱུང་བའི་ཤན་ཤུགས་ལས་བོད་ལྗོངས་ཀྱི་མི་བདུན་ཤི་བ་དང་མི་བརྒྱ་དང་སོ་དྲ
  • དོ་སྣང་ཆེ་བའི་རྩོམ།