ཡོ་རོབ་གླིང་གི་བུད་མེད་ཚོགས་ཆེན་སྐབས་གསུམ་པ་ཧྭ་ཧྲ་ནས་ཚོགས་པ།

        2011-09-20

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་གི་བུད་མེད་ཚོགས་ཆེན་སྐབས་གསུམ་པ་ཚེས17ཉིན་ཕོ་ལན་རྒྱལ་ཁབ་ཀྱི་རྒྱལ་ས་ཧྭ་ཧྲ་ནས་ཚོགས། ཡོ་རོབ་གླིང་གི་རྒྱལ་ཁབ་སོ་སོའི་འཐུས་མི7000ཙམ་ཐེངས་འདིའི་བྱ་བ་སྣ་གཅིག་སྒྲུབས་པར་ཕོགས་དངུལ་གཅིག་མཚུངས་ཡིན་དགོས་ཞེས་པ་བརྗོད་སྙིང་ཡིན་པའི་གྲོས་ཚོགས་ལ་ཞུགས།

ཡོ་རོབ་གླིང་གི་བུད་མེད་ཚོགས་ཆེན་ནི་ཕོ་ལན་གྱིས་ཡོ་རོབ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་བའི་སྐབས་ཀྱི་ཆེས་གལ་ཆེ་བའི་གྲོས་ཚོགས་ཤིག་ཡིན་ཞིང་། ཕོ་ལན་ངལ་རྩོལ་དང་སྤྱི་ཚོགས་སྲིད་ཇུས་པུའུ་ཡིས་གཙོ་སྒྲུབས་བྱས་པ་ཡིན། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་སྤྱི་ཚོགས་གནད་དོན་གྱི་འགན་ཁུར་བའི་རྒྱལ་ཁབ་སོ་སོའི་པུའུ་ཀྲང་གྲོས་ཚོགས་ལ་ཞུགས། ཡོ་རོབ་གླིང་གྲོས་ཁང་གི་གྲོས་བསྡུར་དཔོན་པོ་པུའུ་ཙེ་ཁི་དང་ཡོ་རབ་གླིང་གྲོས་ཁང་གི་བུད་མེད་གྲོས་མིའི་འཐུས་མི་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས།

ཐེངས་འདིའི་གྲོས་ཚོགས་ཀྱི་ཚོགས་ཡུན་ཉིན་གཉིས་ཡིན་པ་དང་། ཉིན་དང་པོའི་རྒྱལ་ཁབ་སོ་སོའི་ངལ་རྩོལ་པུའུ་ཀྲང་གྲོས་ཚོགས་ནས་གཙོ་བོ་འདྲ་མཉམ་ནང་རྐྱེན་དང་། བུད་མེད་ཀྱི་སྤྱི་ཚོགས་ཁེ་ཕན། དཔལ་འབྱོར་ཐད་ཀྱི་མཐོང་ཆུང་ལ་ངོ་རྒོལ་བྱེད་པ། བུད་མེད་ལ་འདེམ་ཤོག་འཕེན་པའི་དགོས་ངེས་རང་བཞིན་བཅས་ལ་གྲོས་བསྡུར་བྱེད་རྒྱུ་རེད། ཉིན་གཉིས་པར་རྒྱལ་ཁབ་སོ་སོའི་པུའུ་ཀྲང་གི་སྒོར་ཅོག་གྲོས་ཚོགས་བསྡུ་རྒྱུུ་ཡིན་པ་དང་། གྲོས་ཚོགས་ཀྱི་བརྗོད་སྙིང་ནི་ངལ་རྩོལ་ཚོང་རའི་ཁྲོད་ཀྱི་ཕོ་མོ་འདྲ་མཉམ་ཞེས་པ་དེ་རེད། །

  • ལེ་ཚན་སྔོན་མ།:རྒྱ་གར་བྱང་ཕྱོགས་ས་ཁུལ་དུ་ཚད་རིམ་དྲུག་དང་གྲངས་ཆུང་བརྒྱད་ཀྱི་ས་འགུལ་བྱུང་སྟེ་མི་གཉིས་རྐྱེན་ལམ་དུ་ཤོར་
  • ལེ་ཚན་རྗེས་མ།:ཐུར་ཁེ་རྒྱལ་ཁབ་ཀྱིས་དབྱི་རག་མངའ་ཁོངས་ཀྱི་ཁུའུ་ཨར་ཏིའི་དམིགས་འབེན་ལ་བར་སྣང་ནས་འཇབ་རྒོལ་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།