ཡེ་མིན་རྒྱལ་ཁབ་ནས་རྔམ་སྟོན་ཁྲོམ་སྐོར་མཁན་དང་སྲིད་གཞུང་བདེ་འཇགས་དམག་དཔུང་བར་འཁྲུག་རྩོད་བྱུང་སྟེ་མི་ཚེས་ཉེར་དྲུག་རྐྱེན་ལམ་དུ་ཤོར་བ།

        2011-09-20

ཡེ་མིན་རྒྱལ་ཁབ་ཀྱི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་རྔམ་སྟོན་ཁྲོམ་སྐོར་མཁན་ཁྲི་ཕྲག་འགས་ཚེས་བཅོ་བརྒྱད་ཉིན་རྒྱལ་ས་སཱ་ནཱ་ནས་སྲིད་གཞུང་གི་བདེ་འཇགས་དམག་དཔུང་བར་འཁྲུག་རྩོད་བྱས་ཏེ། ཉུང་མཐར་ཡང་རྔམ་སྟོན་ཁྲོམ་སྐོར་མཁན་ཉེར་དྲུག་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱ་ལྷག་ལ་རྨས་ཕོག

སྲིད་འཛིན་ཏང་གི་དཔོན་རིགས་ཤིག་གིས་གསར་འགོད་པར་བཤད་རྒྱུར། ཉིན་དེར་རྔམ་སྟོན་ཁྲོམ་སྐོར་མཁན་ཁྲི་ཕྲག་འགའ་སཱ་ནཱ་སློབ་ཆེན་གྱི་ཉེ་འདབས་ཀྱི་ཞིང་ལས་སྲང་ལམ་དུ་བགྲོད་སྐབས། རྔམ་སྟོན་ཁྲོམ་སྐོར་མཁན་མང་བོས་གློག་ཤུགས་པུའུ་ཡི་ཁོངས་སུ་གཏོགས་པའི་གློག་ཤུགས་སྤྱི་ཁྱབ་ཅུའུ་ཡི་ཐོག་ཁང་ཆེན་མོར་གཏོར་བརླག་བྱས། བདེ་འཇགས་དམག་དཔུང་གིས་རྔམ་སྟོན་ཁྲོམ་སྐོར་མཁན་བཀག་འགོག་བྱས་ཏེ་འཁྲུག་རྩོད་བྱུང་བ་རེད།

སཱ་ནཱའི་བཅོས་བསྒྱུར་ཐང་ཆེན་ཉེ་འདབས་ཀྱི་སྨན་ཁང་ཞིག་གི་སྨན་པས་གསར་འགོད་པར་བཤད་རྒྱུར། ཉིན་དེར་ཉུང་མཐར་ཡང་རྔམ་སྟོན་ཁྲོམ་སྐོར་མཁན་ཉེར་དྲུག་མེ་མདས་བརྒྱབ་སྟེ་བསད་པ་དང་། དེའི་ནང་མི་མང་བོའི་མགོ་དང་བྲང་ཁ། སྐེ་སོགས་ལ་མདའ་ཕོག་ཡོད། གཞན་ཡང་རྔམ་སྟོན་ཁྲོམ་སྐོར་མཁན་བརྒྱ་ལྷག་ལ་རྨས་ཕོག་ཟེར།

རྔམ་སྟོན་ཁྲོམ་སྐོར་མཁན་གྱིས་བཤད་རྒྱུར། དེའི་སྔོན་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་སྒར་སར་ཞུགས་རྒྱུ་ཁྱབ་སྒྲོག་བྱས་པའི་དམག་དཔུང་དོན་རྐྱེན་བྱུང་སར་འབྱོར་ཏེ་སྲིད་གཞུང་དམག་དཔུང་བར་འཁྲུག་རྩོད་བྱས། ཕྱོགས་གཉིས་ཀྱིས་འཁྲུག་རྩོད་བྱེད་སྐབས་བསྟུད་བརྒྱག་མེ་མདའ་དང་སྒྱོགས་མདེལ། མེ་ཤུགས་འཕུར་མདའ་སོགས་བཀོལ་སྤྱོད་བྱས་ཟེར།

དེ་ནི་སཱ་ནཱ་ནས་ཉེ་སྔོན་རྔམ་སྟོན་ཁྲོམ་སྐོར་མཁན་དང་ཉེན་རྟོག་པའི་བར་བྱུང་བའི་འཁྲུག་རྩོད་ཆེས་ཚབས་ཆེན་ཞིག་ཡིན་པ་དང་། སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དམག་སྒར་ནང་ཞུགས་པའི་དམག་དཔུང་གིས་ཐོག་དང་པོར་སྲིད་གཞུང་དམག་དཔུང་ལ་ཐད་ཀར་འཁྲུག་རྩོད་བྱས་པ་རེད།

  • ལེ་ཚན་སྔོན་མ།:འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཡོང་འབབ་དམའ་བའི་རྒྱལ་ཁབ་ཀྱི་འགོ་མི་སྲིད་པའི་ནད་ཡམས་ཐག་གཅོད་བྱེད་པ
  • ལེ་ཚན་རྗེས་མ།:རྒྱ་གར་བྱང་ཕྱོགས་ས་ཁུལ་དུ་ཚད་རིམ་དྲུག་དང་གྲངས་ཆུང་བརྒྱད་ཀྱི་ས་འགུལ་བྱུང་སྟེ་མི་གཉིས་རྐྱེན་ལམ་དུ་ཤོར་
  • དོ་སྣང་ཆེ་བའི་རྩོམ།