འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཡོང་འབབ་དམའ་བའི་རྒྱལ་ཁབ་ཀྱི་འགོ་མི་སྲིད་པའི་ནད་ཡམས་ཐག་གཅོད་བྱེད་པའི་འཐབ་ཇུས་བཏོན་པ།

        2011-09-20

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་བཅོ་བརྒྱད་ཉིན་ཡོང་འབབ་དམའ་བའི་རྒྱལ་ཁབ་ཀྱིས་སྐྲན་ནད་དང་ཀླད་སྙིང་ཁྲག་རྩའི་ནད། གཅིན་སྙི་ནད་སོགས་འགོ་མི་སྲིད་པའི་ནད་ཡམས་ཇི་ལྟར་འགོག་བཅོས་བྱེད་པའི་འཐབ་ཇུས་བཏོན།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཉིན་དེར་རི་ནེ་ཝ་དང་ཉིག་ཡོ་ནས་དུས་མཉམ་དུ་ཁྱབ་སྒྲོག་བྱས་པའི་འཐབ་ཇུས་སྙན་ཞུ་ལྟར་ན། སྤྱོད་དགོས་པའི་བྱེད་ཐབས་ལ་དུ་ཆང་གི་དཔྱ་ཁྲལ་དང་། ཁང་བའི་ནང་དང་མི་མང་ཚོགས་སར་དུ་བ་གཏན་འགོག་བྱེད་པ། དུས་ལྟར་འཕྲོད་བསྟེན་བརྡ་འཕྲིན་དང་བདེ་ཐང་ཉེན་བརྡ་ཁྱབ་སྒྲོག་བྱེད་པ། ཟས་རིགས་ཁྲོད་ཀྱི་ཚྭ་དང་ཚིལ་ཞགས་ཇེ་ཉུང་དུ་གཏོང་བ། མང་ཚོགས་ཀྱི་བདེ་ཐང་བཟའ་བཏུང་དང་འགུལ་བསྐྱོད་ལ་ཤུགས་སྣོན་པའི་འདུ་ཤེས་ཇེ་མཐོར་གཏོང་བ་སོགས་འདུས།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ད་རུང་ཀླད་སྙིང་ཁྲག་རྩའི་ནད་འབྱུང་སླ་བའི་མི་རྣམས་ལ་ཟུར་ཁྲིད་བྱེད་པ་དང་། བུད་མེད་རྣམས་ལ་མངལ་ལམ་གྱི་སྐྲན་ནད་ལ་ཞིབ་བཤེར་བྱེད་པ། མཆིན་ནད་འགོག་སྨན་བརྒྱག་དགོས་པའི་གྲོས་གཞི་བཏོན།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྙན་ཞུ་ལྟར་ན། འགོ་མི་སྲིད་པའི་ནད་ཡམས་དེ་དེང་སྐབས་འཛམ་གླིང་ཡོངས་ཀྱི་བྱུང་ཚད་ཆེས་མཐོ་བའི་ནད་རིགས་ཤིག་ཡིན་པ་དང་། འཛམ་གླིང་ཡོངས་སུ་འགོ་མི་སྲིད་པའི་ནད་ཡམས་ཀྱི་དབང་གིས་རྐྱེན་ལམ་དུ་ཤོར་བའི་མི་མང་ཤས་ཀྱིས་ཡོང་འབབ་དམའ་བའི་རྒྱལ་ཁབ་ཏུ་འཚོ་བ་རོལ་བཞིན་ཡོད། འགོ་མི་སྲིད་པའི་ནད་ཡམས་ཀྱིས་སྤྱི་བའི་འཕྲོད་བསྟེན་ཐད་འགྲན་རྩོད་ཆེན་པོ་ཡོད་ཀྱང་། ཡོང་འབབ་དམའ་བའི་རྒྱལ་ཁབ་དག་གིས་འགྲོ་སོང་མོད་པོ་བཏང་ན་འགོ་མི་སྲིད་པའི་ནད་ཡམས་ཐག་གཅོད་བྱེད་ཐུབ།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚོད་དཔག་བྱས་པ་ལྟར་ན། ཡོང་འབབ་དམའ་བའི་རྒྱལ་ཁབ་ཀྱི་མི་རེར་ཆ་སྙོམས་ལོ་རེར་ཨ་མེ་རི་ཁའི་སྒོར་མོ་གཅིག་དང་ཟུར་གཉིས་ཙམ་བཏང་ན་ཕན་ནུས་ལྡན་པའི་སྒོ་ནས་འགོ་མི་སྲིད་པའི་ནད་ཡམས་དེ་ཐག་གཅོད་བྱེད་ཐབས་པ་རེད།

  • ལེ་ཚན་སྔོན་མ།:ལི་པུ་ཡཱའི་སྲིད་འཛིན་དབང་འཛིན་ལས་ཁུངས་ཀྱིས་གང་མགྱོགས་སྒོས་ལི་པུ་ཡཱའི་མངའ་ཁོངས་ཡོངས་ལ་དབང་བྱེད་རྒྱུ་ཡ
  • ལེ་ཚན་རྗེས་མ།:ཡེ་མིན་རྒྱལ་ཁབ་ནས་རྔམ་སྟོན་ཁྲོམ་སྐོར་མཁན་དང་སྲིད་གཞུང་བདེ་འཇགས་དམག་དཔུང་བར་འཁྲུག་རྩོད་བྱུང་སྟེ་མི་ཚེ
  • དོ་སྣང་ཆེ་བའི་རྩོམ།