ལི་པུ་ཡཱའི་སྲིད་འཛིན་དབང་འཛིན་ལས་ཁུངས་ཀྱིས་གང་མགྱོགས་སྒོས་ལི་པུ་ཡཱའི་མངའ་ཁོངས་ཡོངས་ལ་དབང་བྱེད་རྒྱུ་ཡིན་པར་བཤད་པ།

        2011-09-19

ལི་པུ་ཡཱའི་སྲིད་འཛིན་དབང་འཛིན་ལས་ཁུངས་དམག་ཕྱོགས་ཀྱི་མགྲིན་ཚབ་པ་པཱ་ནེ་ཡིས་ཚེས་བཅུ་བདུན་ཉིན་ཏི་ལེ་པོ་ལི་ནས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ། མ་འོངས་པའི་ཉིན་འགའི་ནང་སུའུ་ཨར་ཐི་སོགས་ས་ཆའི་འཐབ་འཁྲུག་གནས་བབ་ལ་འགྱུར་ལྡོག་འབྱུང་སྲིད་པ་དང་། དབང་འཛིན་ལས་ཁུངས་ཀྱིས་གང་མགྱོགས་སྒོས་ལི་པུ་ཡཱའི་རྒྱལ་ཡོངས་ལ་དབང་བསྒྱུར་བྱེད་རྒྱུ་ཡིན་ཟེར།པཱ་ནེ་ཡིས་བཤད་རྒྱུར། དབང་འཛིན་ལས་ཁུངས་ཀྱིས་པེད་ནེ་བོ་ལེ་ཏི་དང་སུའུ་ཨར་ཐི། སེ་པུའུ་ཧཱ་སོགས་གྲོང་ཁྱེར། ལྷོ་ཕྱོགས་ས་ཁུལ་བཅས་བདག་བཟུང་བྱེད་པར་དུས་ཚོད་རིང་བོ་འགོར་མི་སྲིད་ཟེར། པཱ་ནེ་ཡིས་བཤད་རྒྱུར། དབང་འཛིན་ལས་ཁུངས་ཀྱིས་པེད་ནེ་བོ་ལེ་ཏིའི་བྱང་ངོས་བདག་བཟུང་བྱས་ཡོད་པ་དང་། མིག་སྔར་པེད་ནེ་བོ་ལེ་ཏི་གྲོང་ཁྱེར་ལྟེ་གནས་ལ་དཔུང་འཇུག་བྱེད་བཞིན་ཡོད་ཀྱང་། ཀྱག་ཀྱོག་གི་ཡུལ་བབ་ཀྱིས་དམག་དཔུང་མདུན་བསྐྱོད་བྱེད་པར་བཀག་རྒྱ་ཐེབས་ཡོད་ཟེར། ཁོས་བཤད་རྒྱུར། ཁཱ་ཀྲ་ཧྥེ་ཡི་དམག་དཔུང་ལྷག་འཕྲོ་རི་བོའི་འགེབས་སྲུང་འོག་དབང་འཛིན་ལས་ཁུངས་ཀྱི་དྲག་ཆས་པར་ངོ་རྒོལ་དྲག་པོ་བྱེད་བཞིན་ཡོད་ཟེར།

  • ལེ་ཚན་སྔོན་མ།:ཕཱ་ཁི་སི་ཐན་དུ་ཆུ་ལོག་གནོད་འཚེ་བྱུང་སྟེ་མི་སུམ་བརྒྱ་ཙམ་རྐྱེན་ལམ་དུ་ཤོར་བ།
  • ལེ་ཚན་རྗེས་མ།:འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཡོང་འབབ་དམའ་བའི་རྒྱལ་ཁབ་ཀྱི་འགོ་མི་སྲིད་པའི་ནད་ཡམས་ཐག་གཅོད་བྱེད་པ
  • དོ་སྣང་ཆེ་བའི་རྩོམ།