ཕཱ་ཁི་སི་ཐན་དུ་ཆུ་ལོག་གནོད་འཚེ་བྱུང་སྟེ་མི་སུམ་བརྒྱ་ཙམ་རྐྱེན་ལམ་དུ་ཤོར་བ།

        2011-09-19

ཕཱ་ཁི་སི་ཐན་རྒྱལ་ཁབ་གནོད་འཚེ་དོ་དམ་ཅུའུ་ཡིས་ཚེས་བཅུ་བདུན་ཉིན་ཁྱབ་སྒྲོག་བྱས་པའི་གནས་ཚུལ་གསར་བ་ལྟར་ན། ཕཱ་ཁི་སི་ཐན་ལྷོ་ཕྱོགས་ས་ཁུལ་དུ་དུས་ཚིགས་རང་བཞིན་གྱི་དྲག་ཆར་བབས་ཏེ་ཆུ་ལོག་གི་འཇིགས་པ་བྱུང་ནས། མི་སུམ་བརྒྱ་ཙམ་རྐྱེན་ལམ་དུ་ཤོར་བ་དང་། མི་ས་ཡ་དྲུག་ལྷག་ལ་གནོད་འཚེ་ཐེབས་ཟེར།ཕཱ་ཁི་སི་ཐན་རྒྱལ་ཁབ་གནོད་འཚེ་དོ་དམ་ཅུའུ་ཡིས་བཤད་རྒྱུར། ཆུ་ལོག་གི་གནོད་འཚེ་ལས་ས་ཞིང་ཀུང་ཆིང་ས་ཡ་གསུམ་དང་འབུམ་གཉིས་ཁྲི་གསུམ་ལྷག་ལ་གནོད་པ་ཐེབས་པ་དང་། གནོད་ཐེབས་ས་ཁུལ་གྱི་ས་ཞིང་ཡོད་ཚད་ཆུས་བསྣུབས། ཆུ་ལོག་གིས་ཞིན་ཏི་ཞིང་ཆེན་གྱི་ཁོངས་སུ་གཏོགས་པའི་ས་ཁུལ་ཉེར་གསུམ་གྱི་སྡེ་བ་ཁྲི་གསུམ་དང་སྟོང་དགུ་དྲུག་བརྒྱ་ལྷག་ལ་གཏོར་བརླག་ཐེབས་ཡོད་ཅིང་། བསྡོམས་པས་ཁང་ཤར་འབུམ་ལྔ་དང་ཁྲི་གསུམ་སྟོང་དགུ་བརྒྱད་བརྒྱ་གོ་དགུ་ལ་གཏོར་བརླག་ཚབས་ཆེན་ཐེབས་པ་དང་། གཞན་ཡང་ཁང་ཤར་འབུམ་བརྒྱད་དང་ཁྲི་བཞི་སྟོང་བརྒྱད་ལྷག་ལ་གཏོར་བརླག་ཅུང་ཙམ་ཐེབས། ཞིན་ཏི་ཞིང་ཆེན་གྱི་ཕྱུགས་ཟོག་ཁྲི་བརྒྱད་ལྷག་ཆུས་ཁུར་བ་མ་ཟད། སྲིང་བལ་དང་ངང་ལག སིལ་དམར་སྡོང་བོ། སི་པེན། མངར་ཤིང་སོགས་ལ་ཚད་མི་འདྲ་བའི་གནོད་པ་ཐེབས་ཡོད་ཟེར།ཟླ་བརྒྱད་པའི་ཚེས་བཅུ་གཅིག་ཉིན་གྱི་དྲག་ཆར་ཐེངས་དང་པོས་ཞིན་ཏི་ཞིང་ཆེན་གྱི་ས་ཁུལ་བདུན་ལ་ལ་གནོད་པ་ཐེབས་པ་དང་། ཐེངས་གཉིས་པའི་དྲག་ཆར་གྱིས་གནོད་ཐེབས་ཁྱབ་ཁོངས་སྔར་ལས་ཇེ་ཆེར་སོང་། ཚོད་དཔག་བྱས་ན་མིག་སྔར་མི་འབུམ་བཞི་དང་ཁྲི་གཅིག་སྟོང་ལྔ་ལྷག་གིས་གནས་སྐབས་ཀྱི་གནོད་སྐྱོབ་བྱེད་ས་སྟོང་གཉིས་དང་དྲུག་བརྒྱ་ང་དྲུག་ཏུ་འཚོ་བ་རོལ་བཞིན་ཡོད་ལ། ས་གནས་དེ་དག་ལ་ཞིན་ཏི་ཞིང་ཆེན་གྱི་སློབ་གྲྭ་དང་སྤྱི་བའི་འཛུགས་སྐྲུན་སོགས་འདུས་ཡོད།

  • ལེ་ཚན་སྔོན་མ།:ཐུར་ཁེ་རྒྱལ་ཁབ་ཀྱིས་དབྱི་རག་མངའ་ཁོངས་ཀྱི་ཁུའུ་ཨར་ཏིའི་དམིགས་འབེན་ལ་བར་སྣང་ནས་འཇབ་རྒོལ་བྱས་པ།
  • ལེ་ཚན་རྗེས་མ།:ལི་པུ་ཡཱའི་སྲིད་འཛིན་དབང་འཛིན་ལས་ཁུངས་ཀྱིས་གང་མགྱོགས་སྒོས་ལི་པུ་ཡཱའི་མངའ་ཁོངས་ཡོངས་ལ་དབང་བྱེད་རྒྱུ་ཡ
  • དོ་སྣང་ཆེ་བའི་རྩོམ།