ཡོ་རོབ་གླིང་མནའ་འབྲེལ་གྱི་ནོར་སྲིད་བློན་ཆེན་གྱི་དངོས་གཞི་མིན་པའི་གྲོས་ཚོགས་ནས་ཡོ་རོབ་གླིང་གི་དངུལ་བུན་ཉམས་ཉེན་ལ་གྲོས་བསྡུར་བྱས་པ།

        2011-09-19

ཡོ་རོབ་གླིང་མནའ་འབྲེལ་གྱི་དཔལ་འབྱོར་དང་ནོར་སྲིད་ལས་དོན་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་བཅུ་དྲུག་ཉིན་ཕོ་ལན་ལྷོ་ཕྱོགས་ཀྱི་ཧྥེ་ལོ་ཚི་ཝ་ཧྥུའུ་གྲོང་ཁྱེར་ནས་དུས་ཡུན་ཉིན་གཉིས་ཀྱི་དངོས་གཞི་མིན་པའི་གྲོས་ཚོགས་བསྡུས་ཏེ། ཡོ་རོབ་གླིང་གི་སྒོར་མོ་བཀོལ་བའི་ས་ཁུལ་དུ་བྱུང་བའི་འགྲན་རྩོད་དང་། ཞི་ལཱ་དང་རྒྱལ་ཁབ་གཞན་པའི་དངུལ་བུན་ཉམས་ཉེན་ལས་བྱུང་བའི་དངུལ་ཁུངས་ཁོངས་གཏོགས་ཀྱི་བདེ་འཇགས་དང་། ཡོ་རོབ་གླིང་གི་སྒོར་མོ་དུང་ཕྱུར་བཅུ་ཕྲག་འགའི་རོགས་སྐྱོར་འཆར་གཞི་བཅས་ལ་གྲོས་བསྡུར་བྱས།

ཕོ་ལན་གྱི་ནོར་སྲིད་བློན་ཆེན་ལོ་སི་ཐོ་ཧྥུའུ་སི་ཅི་དང་ཀྲུང་དབྱང་དངུལ་ཁང་གི་ཧང་ཀྲང་པེ་ཨར་ཁཱ་ཡིས་ཡོ་རོབ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་མིང་བཟུང་ནས་ཐེངས་འདིའི་གྲོས་ཚོགས་ལ་ཞུགས། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པའི་ཙུང་ཚེ་གཞོན་པ་ལེ་ཕུའུ་ཏོན་དང་། ཡོ་རོབ་གླིང་མནའ་འབྲེལ་གྱི་འབྲེལ་ཡོད་ལས་ཁུངས་ཀྱི་འཐུས་མི། དེ་མིན་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོའི་ནོར་སྲིད་བློན་ཆེན་དང་ཀྲུང་དབྱང་དངུལ་ཁང་གི་ཧང་ཀྲང་བཅས་གྲོས་ཚོགས་ལ་ཞུགས།

ཡོ་རོབ་གླིང་མནའ་འབྲེལ་གྱི་ནོར་སྲིད་བློན་ཆེན་གྱི་གྲོས་ཚོགས་ལ་ཐོག་དང་པོར་ཞུགས་པའི་ཨ་མེ་རི་ཁའི་ནོར་སྲིད་བློན་ཆེན་ཀའེ་ཐི་ནཱ་ཡིས་ཚོགས་ཐོག་ནས་བཤད་རྒྱུར། ཨ་མེ་རི་ཁ་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་ངེས་པར་དུ་མཉམ་ལས་བཟང་བོ་བྱས་ཏེ་དེང་སྐབས་ཀྱི་དངུལ་ལོར་འགྲན་རྩོད་ཐག་གཅོད་བྱེད་དགོས་ཟེར།
ཡོ་རོབ་གླིང་གི་སྒོར་མོའི་སྡེ་ཚོགས་ཀྱི་ཀྲུའུ་ཞི། ལུའུ་སིན་པའོ་ཡི་དབུ་བཞུགས་བློན་ཆེན་རོང་ཁི་ཡིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཨ་མེ་རི་ཁའི་སྒོར་མོ་དུང་ཕྱུར་བརྒྱ་དང་བཅུའི་དུས་རིམ་རྗེས་མའི་ཞི་ལཱ་རྒྱལ་ཁབ་ལ་རོགས་སྐྱོར་བྱེད་པའི་ཇུས་གཞི་རབ་དང་རིམ་པར་ཟླ་བཅུ་བའི་ནང་ཐག་གཅོད་བྱེད་རྒྱུ་ཡིན་ཟེར།

  • ལེ་ཚན་སྔོན་མ།:ཨ་ཧྥེ་རི་ཁ་མནའ་འབྲེལ་གྱིས་ལི་པུ་ཡཱ་རྒྱལ་ཁབ་ཀྱིས་བཟོད་སྒོམ་རང་བཞིན་གྱི་མཉམ་འབྲེལ་སྲིད་གཞུང་འཛུགས་རྒྱུ
  • ལེ་ཚན་རྗེས་མ།:ཨུ་རུ་སིའི་གྲོས་ཁང་གི་འཐུས་ཚབ་ཚོགས་པ་སི་རི་ཡཱ་རུ་བར་འདུམ་བྱེད་དུ་སོང་བ།
  • དོ་སྣང་ཆེ་བའི་རྩོམ།