ཨ་ཧྥེ་རི་ཁ་མནའ་འབྲེལ་གྱིས་ལི་པུ་ཡཱ་རྒྱལ་ཁབ་ཀྱིས་བཟོད་སྒོམ་རང་བཞིན་གྱི་མཉམ་འབྲེལ་སྲིད་གཞུང་འཛུགས་རྒྱུའི་འབོད་སྐུལ་བཏང་བ།

        2011-09-16

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཨ་ཧྥེ་རི་ཁ་མནའ་འབྲེལ་གྱིས་ཚེས14ཉིན་མུ་མཐུད་དུ་ལི་པུ་ཡཱ་རྒྱལ་ཁབ་ཀྱིས་བཟོད་སྒོམ་རང་བཞིན་གྱི་མཉམ་འབྲེལ་སྲིད་གཞུང་འཛུགས་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། བྱེད་ཐབས་ཞིབ་རྒྱས་དང་ཁ་ཕྱོགས་གསལ་བོར་བཏོན།
ཉིན་དེར་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་ལི་པུ་ཡཱའི་གནད་དོན་གྱི་མཐོ་རིམ་ཆེད་བསྐོས་ཨུ་ཡོན་ལྷན་ཁང་གིས་ཨ་ཧྥེ་རི་ཁ་ལྷོ་མའི་སྲིད་འཛིན་རྒྱལ་ས་པུས་ལེ་ཐོ་ལེ་ཡཱ་ནས་གྲོས་ཚོགས་བསྡུས་ཏེ་ལི་པུ་ཡཱའི་གནས་བབ་ལ་གྲོས་བསྡུར་བྱས། གྲོས་ཚོགས་དེར་ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ཙུའུ་མཱ་ཡིས་མགོ་འཛིན་བྱས་པ་དང་། ཨ་ཧྥེ་རི་ཁ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རང་ཕེན་དང་། ཁོང་གོའི་ཙུང་ཐུང་ཨིན་ཀི་སུའུ། ཝུ་ཀན་ཏཱའི་ཙུང་ཐུང་མུའུ་སེ་ཝེ་ནེ། དེ་མིན་མཱ་ལི་དང་མའོ་ལི་ཐཱ་ནེ་ཡཱ་སྲིད་གཞུང་བཅས་ཀྱི་འཐུས་མི་གྲོས་ཚོགས་ལ་ཞུགས། དུས་ཚོད་བདུན་ཙམ་གྱི་གསང་བའི་གྲོས་མོལ་བྱས་རྗེས་གྲོས་ཚོགས་ནས་མཉམ་འབྲེལ་སྤྱི་སྒྲོག་སྤེལ།

ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་ཞི་བདེ་དང་བདེ་འཇགས་ལས་དོན་ཆེད་མི་ལཱ་མཱ་མུའུ་ལཱ་ཡིས་སྤྱི་སྒྲོག་དེ་སྒྲོག་འདོན་བྱས། ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་ལི་པུ་ཡཱའི་གནད་དོན་གྱི་མཐོ་རིམ་ཆེད་བསྐོས་ཨུ་ཡོན་ལྷན་ཁང་གིས་ལི་པུ་ཡཱའི་རྒྱལ་ཡོངས་བར་བརྒལ་ཨུ་ཡོན་ལྷན་ཁང་དང་། ལི་པུ་ཡཱའི་རྒྱལ་ནང་གི་འབྲེལ་ཡོད་ཕྱོགས་བར་མཉམ་ལས་ཟབ་མོ་བྱེད་རྒྱུ་ཡིན་པ་དང་། དམིགས་ཡུལ་ནི་སྔ་མོ་ནས་བཟོད་སྒོམ་རང་བཞིན་གྱི་མཉམ་འབྲེལ་སྲིད་གཞུང་ཞིག་འཛུགས་པར་ཡར་སྐུལ་བྱེད་པའི་ཆེད་དུ་ཡིན་ཟེར།

  • ལེ་ཚན་སྔོན་མ།:དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ལི་ཡཱ་ཡིས་ཕུའུ་ཐའོ་ཡཱ་རྒྱལ་ཁབ་ཏུ་འཚམ
  • ལེ་ཚན་རྗེས་མ།:ཡོ་རོབ་གླིང་མནའ་འབྲེལ་གྱི་ནོར་སྲིད་བློན་ཆེན་གྱི་དངོས་གཞི་མིན་པའི་གྲོས་ཚོགས་ནས་ཡོ་རོབ་གླིང་གི་དངུལ་བུ
  • དོ་སྣང་ཆེ་བའི་རྩོམ།