2011-09-16
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ལི་ཡཱ་ཡིས་ཚེས14ཉིན་ཕུའུ་ཐའོ་ཡཱ་རྒྱལ་ཁབ་ལ་དུས་ཡུན་ཉིན་གཅིག་གི་འཚམས་འདྲི་བྱས། ཕུའུ་ཐའོ་ཡཱའི་ཙུང་ཐུང་ཞེ་ཨར་ཝ་དང་ཙུང་ལི་ཁི་ཨེ་ལོས་གཉིས་དང་མཉམ་དུ་དེང་སྐབས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་གནས་བབ་དང་། ཁྱད་པར་དུ་དངུལ་ལོར་ཉམས་ཉེན་འོག་གི་ཡོ་རོབ་གླིང་དཔལ་འབྱོར་དང་དངུལ་ལོར་གནད་དོན་ལ་གྲོས་མོལ་བྱས་ཏེ་བསམ་འཆར་བརྗེ་རེས་བྱས།
དྲུང་ཡིག་ཆེན་མོ་ཀུའུ་ལི་ཡཱ་ཡིས་ཉིན་དེའི་ཕྱི་དྲོར་ཙུང་ཐུང་བཞུགས་ཤག་ནས་ཕུའུ་ཐའོ་ཡཱ་རྒྱལ་ཁབ་ཀྱི་ཙུང་ཐུང་ཞེ་ཨར་ཝ་དང་དུས་ཚོད་གཅིག་ཙམ་ལ་གྲོས་མོལ་བྱས། གྲོས་མོལ་གྱི་ནང་དོན་དེ་གཙོ་བོ་ཞི་ལཱ་དང་ཕུའུ་ཐའོ་ཡཱ་སོགས་ཡོ་རོབ་གླིང་ལྷོ་མའི་རྒྱལ་ཁབ་དག་གི་མིག་སྔའི་དངུལ་ལོར་གནད་དོན་ལ་འབྲེལ་ཡོད། ཁོས་གྲོས་མོལ་བྱས་རྗེས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཕུའུ་ཐའོ་ཡཱ་དང་འཛམ་གླིང་གི་རྒྱལ་ཁབ་གཞན་པ་གང་ཡིན་ཡང་། མ་འོངས་པའི་དཔལ་འབྱོར་གྱི་འཕེལ་རྒྱས་ལ་འགན་སྲུང་བྱེད་ཆེད་ཁྲལ་བསྡུ་ཇེ་མང་དུ་གཏོང་བ་ནི་བྱེད་ཐབས་གལ་ཆེན་ཞིག་དང་ཆ་རྐྱེན་གཙོ་བོ་ཞིག་ཡིན་ཟེར། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10