ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་་གིས་ཨ་མེ་རི་ཁའི་སྤྱི་དམངས་མྱུར་དུ་སི་རི་ཡཱ་རྒྱལ་ཁབ་དང་ཁ་འབྲལ་དགོས་པའི་སྐུལ་མ་བཏང་བ།

        2011-09-16

ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས་བཅོ་ལྔ་ཉིན་གནས་སྐོར་གྱི་ཉེན་བརྡ་བཏང་སྟེ། ཨ་མེ་རི་ཁའི་སྤྱི་དམངས་མྱུར་དུ་སི་རི་ཡཱ་རྒྱལ་ཁབ་དང་ཁ་འབྲལ་དགོས་པའི་སྐུལ་མ་བཏང་།

ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གནས་སྐོར་ཉེན་བརྡ་དེའི་ནང་སི་རི་ཡཱ་རུ་ཡོད་པའི་ཨ་མེ་རི་ཁའི་སྤྱི་དམངས་རྣམས་ཚོང་ལས་འགྲིམ་འགྲུལ་གྱི་ཞབས་ཞུ་ཡོད་པའི་སྐབས་སུ་མྱུར་དུ་སི་རི་ཡཱ་དང་ཁ་འབྲལ་དགོས་པའི་སྐུལ་མ་བཏང་ཡོད།

ཉེན་བརྡ་དེ་ལས་བཤད་རྒྱུར། མིག་སྔར་སི་རི་ཡཱའི་གནས་བབ་མུ་མཐུད་དུ་ཟང་ཟིང་དུ་འགྲོ་བཞིན་ཡོད་པར་དམིགས་ནས། ཨ་མེ་རི་ཁ་སྲིད་གཞུང་གིས་སི་རི་ཡཱ་རུ་ཡོད་པའི་ཨ་མེ་རི་ཁའི་སྤྱི་དམངས་སི་རི་ཡཱའི་མངའ་ཁོངས་ནས་དགོས་མེད་ཀྱི་གནས་སྐོར་མི་བྱེད་མི་རུང་བའི་གྲོས་གཞི་བཏོན། སི་རི་ཡཱ་རུ་མེད་པའི་ཨ་མེ་རི་ཁའི་སྤྱི་དམངས་དག་མིག་སྔར་རྒྱལ་ཁབ་དེར་གནས་སྐོར་དུ་འགྲོ་མི་རུང་ཟེར།

ཉེན་བརྡ་ལས་བཤད་རྒྱུར། སི་རི་ཡཱ་རྒྱལ་ཁབ་ཀྱིས་མིག་སྔའི་རྒྱལ་ནང་གི་ཟང་ཟིང་རྣམ་པ་དེ་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་བཟོས་པར་བསམ་བཞིན་ཡོད་པས། རྒྱལ་ནང་གི་འཁོན་ལན་སློག་འདོད་ཀྱི་བསམ་པ་སྔར་ལས་ཇེ་ཆེར་འགྲོ་བཞིན་ཡོད་ཟེར།

  • ལེ་ཚན་སྔོན་མ།:ཕན་ཅི་བུན་གྱིས་ཕཱ་ཁི་སི་ཐན་གྱི་ཆུ་ལོག་གནོད་འཚེ་ལ་དོ་སྣང་བྱེད་བཞིན་ཡོད་པ།
  • ལེ་ཚན་རྗེས་མ།:དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ལི་ཡཱ་ཡིས་ཕུའུ་ཐའོ་ཡཱ་རྒྱལ་ཁབ་ཏུ་འཚམ
  • དོ་སྣང་ཆེ་བའི་རྩོམ།