ཨུ་རུ་སིའི་གྲོས་ཁང་གི་འཐུས་ཚབ་ཚོགས་པ་སི་རི་ཡཱ་རུ་བར་འདུམ་བྱེད་དུ་སོང་བ།

        2011-09-19

ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་བུའུ་མཱ་ཧཱ་ནོའུ་ཧྥུའུ་ཡིས་ཁྲིད་པའི་གྲོས་ཁང་གོང་མའི་འཐུས་ཚབ་ཚོགས་པ་ཚེས་བཅུ་བདུན་ཉིན་ནས་ཚེས་ཉི་ཤུའི་ཉིན་བར་སི་རི་ཡཱ་རུ་བར་འདུམ་བྱེད་དུ་འགྲོ་རྒྱུ་རེད། འཐུས་ཚབ་ཚོགས་པས་སི་རི་ཡཱའི་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་གཉིས་བར་གྲོས་མོལ་བྱས་ཏེ། སི་རི་ཡཱའི་ཆབ་སྲིད་ཉམས་ཉེན་གྱི་ཐག་གཅོད་ཐབས་ཇུས་འཚོལ་ཞིབ་བྱེད་རྒྱུ་རེད།བསྒྲགས་པའི་གནས་ཚུལ་ལྟར་ན། འཐུས་ཚབ་ཚོགས་པས་སི་རི་ཡཱའི་ཆེས་རྒྱ་ཆེ་བའི་ཆབ་སྲིད་ཕྱོགས་ཁག་བར་བསམ་འཆར་བརྗེ་རེས་བྱེད་རྒྱུ་ཡིན་པ་དང་། སི་རི་ཡཱའི་རྒྱལ་ས་ཏཱ་མཱ་ཧྲི་ཀི་ནས་སྲིད་གཞུང་དཔོན་རིགས་དང་གྲོས་མོལ་བྱེད་པ་ལས་གཞན། ད་རུང་སི་རི་ཡཱའི་གྲོང་ཁྱེར་གཞན་པར་སོང་ནས་ངོ་རྒོལ་ཕྱོགས་ཁག་གི་འཐུས་མིར་ཐུག་འཕྲད་བྱེད་རྒྱུ་རེད། ཐེངས་འདིའི་འགྲུལ་བཞུད་ཀྱི་དམིགས་ཡུལ་ནི་སི་རི་ཡཱ་རྒྱལ་ནང་གི་གནས་ཚུལ་ལ་རྒྱུས་ལོན་བྱས་ཏེ་སི་རི་ཡཱའི་ཆབ་སྲིད་ཉམས་ཉེན་ཞི་འཇགས་སུ་གཏོང་བའི་ཐབས་ལམ་འཚོལ་ཞིབ་བྱེད་པའི་ཆེད་དུ་རེད་ཟེར།

  • ལེ་ཚན་སྔོན་མ།:ཡོ་རོབ་གླིང་མནའ་འབྲེལ་གྱི་ནོར་སྲིད་བློན་ཆེན་གྱི་དངོས་གཞི་མིན་པའི་གྲོས་ཚོགས་ནས་ཡོ་རོབ་གླིང་གི་དངུལ་བུ
  • ལེ་ཚན་རྗེས་མ།:ཐུར་ཁེ་རྒྱལ་ཁབ་ཀྱིས་དབྱི་རག་མངའ་ཁོངས་ཀྱི་ཁུའུ་ཨར་ཏིའི་དམིགས་འབེན་ལ་བར་སྣང་ནས་འཇབ་རྒོལ་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།