ཏན་མག་ངོ་རྒོལ་ཏང་ལ་གྲོས་ཁང་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་པ།

        2011-09-16

ཏན་མག་གི་སྐབས་གསར་བའི་གྲོས་ཁང་འདེམ་བསྐོའི་འདེམ་ཤོག་བསྡོམས་རྩིས་བྱས་པའི་མཇུག་འབྲས་དེ་ཚེས་བཅོ་ལྔ་ཉིན་གྱི་ནམ་གུང་ཁྱབ་སྒྲོག་བྱས། ངོ་རྒོལ་ཕྱོགས་ཁག་གི་མནའ་འབྲེལ། དབུས་གཡོན་ཕྱོགས་ཀྱི་སྲིད་ཏང་སྡེ་ཚོགས་ལ་གྲོས་ཁང་གི་ལས་གནས་བརྒྱ་དང་དོན་དགུའི་ཁྲོད་ཀྱི་ལས་གནས་གོ་གཉིས་ཐོབ་སྟེ། ལོ་ངོ་བཅུ་ལ་སྲིད་བཟུང་བའི་དབུས་གཡས་ཕྱོགས་ཀྱི་སྲིད་ཏང་སྡེ་ཚོགས་ཕམ་པར་བྱས་པ་དང་། གྲོས་ཁང་གི་ལས་གནས་ཕྱེད་ཀ་ཐོབ་ནས་ནེ་ཀི་རྩ་འཛུགས་བྱེད་པའི་དབང་ཆ་ཐོབ།དབུས་གཡོན་ཕྱོགས་ཀྱི་སྲིད་ཏང་སྡེ་ཚོགས་ཀྱི་མགོ་ཁྲིད་པ། སྤྱི་ཚོགས་དམངས་གཙོ་ཏང་གི་ཀྲུའུ་ཞི་ཧི་ལེ་ཐོ་ཉིན་ཧྲི་མུས་ཐི་ཡིས་ཏན་མག་གི་དབུ་བཞུགས་བློན་ཆེན་གྱི་འགན་འཁུར་རྒྱུ་ཡིན་པ་དང་། ཁོ་མོ་ནི་ཏན་མག་ལོ་རྒྱུས་སྟེང་གི་བུད་མེད་དབུ་བཞུགས་བློན་ཆེན་ཐོག་མ་རེད།

  • ལེ་ཚན་སྔོན་མ།:ཧྥ་རན་སི་དང་དབྱིན་ཇི་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ལི་པུ་ཡཱའི་བསྐྱར་འཛུགས་ལ་རྒྱབ་སྐྱོར་བྱེད་རྒྱུ་ནན་བ
  • ལེ་ཚན་རྗེས་མ།:ཕན་ཅི་བུན་གྱིས་ཕཱ་ཁི་སི་ཐན་གྱི་ཆུ་ལོག་གནོད་འཚེ་ལ་དོ་སྣང་བྱེད་བཞིན་ཡོད་པ།
  • དོ་སྣང་ཆེ་བའི་རྩོམ།