2011-09-16
ཟླ་དགུ་བའི་ཚེས་བཅོ་ལྔ་ཉིན། དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁཱ་མེ་ལུང་དང་ཧྥ་རན་སིའི་ཙུང་ཐུང་སཱ་ཁི་ཆི་རྣམ་གཉིས་ལི་པུ་ཡཱའི་རྒྱལ་ས་ཏི་ལེ་པོ་ལིའི་ཁུའུ་ལུང་ཐིས་ཡཱ་མགྲོན་ཁང་དུ་འབྱོར་བ། ཧྥ་རན་སིའི་ཙུང་ཐུང་སཱ་ཁི་ཆི་དང་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁཱ་མེ་ལུང་རྣམ་གཉིས་ཚེས་བཅོ་ལྔ་ཉིན་ལི་པུ་ཡཱའི་རྒྱལ་ས་ཏི་ལེ་པོ་ལི་རུ་འབྱོར་ནས་འཚམས་འདྲི་བྱེད་མགོ་བརྩམས།
ཧྥ་རན་སིའི་ཙུང་ཐུང་སཱ་ཁི་ཆི་དང་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁཱ་མེ་ལུང་རྣམ་གཉིས་ཚེས་བཅོ་ལྔ་ཉིན་ལི་པུ་ཡཱའི་རྒྱལ་ས་ཏི་ལེ་པོ་ལི་རུ་འཚམས་འདྲིར་སླེབས་པ་དང་། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ལི་པུ་ཡཱའི་བསྐྱར་འཛུགས་ལ་རྒྱབ་སྐྱོར་བྱེད་རྒྱུ་ནན་བཤད་བྱས།
སཱ་ཁི་ཆི་དང་ཁཱ་མེ་ལུང་གཉིས་ཀྱིས་ཉིན་དེར་ལི་པུ་ཡཱའི་རྒྱལ་ཡོངས་བར་བརྒལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཅཱ་ལེ་ལེ་དང་། ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཅཱ་པུའུ་ལི་ལེ་སོགས་ལི་པུ་ཡཱའི་མགོ་ཁྲིད་པ་དང་གྲོས་མོལ་བྱས། དེའི་རྗེས་སུ་མཉམ་འབྲེལ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས།
སཱ་ཁི་ཆི་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཧྥ་རན་སི་རྒྱལ་ཁབ་ཀྱིས་ལི་པུ་ཡཱའི་མི་དམངས་ལ་རྣམ་པ་གང་རུང་གི་རོགས་སྐྱོར་བྱས་ཏེ་ཁྱིམ་གཞིས་བསྐྱར་འཛུགས་བྱེད་པར་རོགས་རམ་བྱེད་འདོད་ཡོད་ཟེར། ཁོས་ལི་པུ་ཡཱའི་མི་དམངས་ད་གཟོད་རང་ཉིད་ཀྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་དབང་ཆ་ཡོད་པ་ནན་བཤད་བྱས།
ཁཱ་མེ་ལུང་གིས་བཤད་རྒྱུར། བྱང་ཆིངས་རྩ་འཛུགས་ཀྱི་ལི་པུ་ཡཱའི་དམག་དོན་འགུལ་བསྐྱོད་དེ་རྒྱལ་ཡོངས་བར་བརྒལ་ཨུ་ཡོན་ལྷན་ཁང་གི་ཁོངས་སུ་གཏོགས་པའི་དྲག་ཆས་པས་ལི་པུ་ཡཱ་རྒྱལ་ཡོངས་ཀྱི་གནས་བབ་ལ་ཚོད་འཛིན་བྱེད་རག་བར་རྒྱུན་བསྲིང་རྒྱུ་ཡིན་པ་དང་། དབྱིན་ཇི་རྒྱལ་ཁབ་ཀྱིས་མུ་མཐུད་དུ་ཁཱ་ཀྲ་ཧྥེ་གར་ཡོད་ལ་རྩད་གཅོད་བྱེད་པར་རོགས་རམ་བྱེད་རྒྱུ་ཡིན་ལ། དབྱིན་ཇི་རྒྱལ་ཁབ་ཀྱིས་ལི་པུ་ཡཱའི་སྲིད་གཞུང་གི་རྒྱུ་ནོར་གྱི་བཀག་སྡོམ་མེད་པར་གཏོང་བར་བསམ་བློ་གཏང་རྒྱུ་ཡིན་ཟེར།
ཅཱ་ལེ་ལེ་ཡིས་བཤད་རྒྱུར། ལི་པུ་ཡཱ་རྒྱལ་ཡོངས་ལ་ཚོད་འཛིན་བྱས་རྗེས་ཁོས་མྱུར་དུ་ལི་པུ་ཡཱ་རྒྱལ་ཡོངས་ལ་བཅིངས་འགྲོལ་ཐོབ་པ་ཁྱབ་སྒྲོག་བྱེད་རྒྱུ་ཡིན་ཟེར།
ཅཱ་པུའུ་ལི་ལེ་ཡིས་བཤད་རྒྱུར། དབྱིན་ཇི་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་མུ་མཐུད་དུ་ལི་པུ་ཡཱ་ལ་རྒྱབ་སྐྱོར་བྱས་ཏེ་ལི་པུ་ཡཱ་ལ་དཔལ་འབྱོར་དང་བདེ་འཇགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་པ་དང་། རྒྱལ་ཡོངས་བར་བརྒལ་ཨུ་ཡོན་ལྷན་ཁང་གིས་ལི་པུ་ཡཱའི་ཚབ་ཏུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་གནས་ཐོབ་པར་རྒྱབ་སྐྱོར་བྱེད་རྒྱུ་ཁས་ལེན་བྱས་ཡོད་ཟེར།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10