2011-09-09
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཉིག་ཡོ་གྲོང་ཁྱེར་གྱི་ཧྲི་ཀྲང་པུའུ་ལུང་པོ་ཀི་ཡིས་ཚེས6ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཁྱབ་སྒྲོག་བྱས་དོན། ཉིག་ཡོ་གྲོང་ཁྱེར་གྱི་པུའུ་ལུའུ་ཁི་ལིན་ས་ཁུལ་དུ་ཚེས5ཉིན་གྱི་དགོང་མོར་མེ་མདའི་འཁྲུག་རྩོད་བྱུང་སྟེ། མི3རྐྱེན་ལམ་དུ་ཤོར་བ་དང་། མི47ལ་རྨས་ཕོག དེའི་ནང་ཉེན་རྟོག་པ་གཉིས་ཡོད་ཟེར། པུའུ་ལུང་པོ་ཀི་ཡིས་ཨ་མེ་རི་ཁ་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་ཁྲིམས་འགལ་གྱི་མེ་མདའ་གཞུང་བཞེས་བྱེད་པར་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་།
པུའུ་ལུང་པོ་ཀི་ཡིས་བཤད་རྒྱུར། ཚེས5ཉིན་གྱི་དགོང་མོའི་དུས་ཚོད9སྟེང་། སྐྱེས་པ་གཉིས་ཀྱིས་པུའུ་ལུའུ་ཁི་ལིན་ནས་མེ་མདས་རྒྱག་རེས་བྱས་པ་དང་། ཉེ་འདབས་སུ་ཡོད་པའི་ཉེན་རྟོག་པ1000ཙམ་དོན་རྐྱེན་བྱུང་སར་སོང་ནས། མེ་མདའ་བཟུང་བའི་དོགས་ཡོད་ཉེས་ཅན་གྱིས་ཉེན་རྟོག་པའི་ཕྱོགས་ལ་མེ་མདས་བརྒྱབ་པ་དང་ཉེན་རྟོག་པས་ཕྱིར་རྒོལ་ལན་སྤྲད། རྨས་ཕོག་པའི་ཉེན་རྟོག་པ་མྱུར་མོར་སྨན་ཁང་དུ་བསྐྱལ་བ་དང་། མིག་སྔར་ཚེ་སྲོག་གི་ཉེན་ཁ་མེད་ཟེར།
ཉིག་ཡོ་གྲོང་ཁྱེར་ཉེན་རྟོག་ཅུའུ་ཡི་ཅུའུ་ཀྲང་ཁའེ་ལེ་ཡིས་བཤད་རྒྱུར། ཉེ་འདབས་ཀྱི་ལོ56ཅན་གྱི་བུད་མེད་ཅིག་རང་ཁྱིམ་གྱི་རབ་གསལ་ཁ་ནས་མདའ་འཁྱས་བསད་པ་དང་། ཉེན་རྟོག་པས་མེ་མདའ་བཟུང་བའི་དོགས་ཡོད་ཉེས་ཅན་དེ་གཉིས་ཀྱང་བསད་ཟེར།
པུའུ་ལུང་པོ་ཀི་ཡིས་བལྟས་ན་ཁྲིམས་འགལ་གྱིས་མེ་མདའ་ཉོ་ཚོང་བྱེད་པ་ལས་དྲག་ཤུགས་དོན་རྐྱེན་དེ་བྱུང་བར་འདོད་པ་དང་། ཨ་མེ་རི་ཁ་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་སྔར་ལས་གཟབ་ནན་གྱི་བཅའ་ཁྲིམས་གཏན་འབེབས་བྱས་ཏེ་མེ་མདའ་དོ་དམ་བྱེད་དགོས་པའི་འབོད་སྐུལ་བཏང་།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10