ཁོང་གོ་ཅིན་ནས་དྲག་ཆས་ཉེས་ཅན་གྱིས་བཙོན་ཁང་ལ་འཇབ་རྒོལ་བྱས་པའི་དོན་རྐྱེན་བྱུང་བ།

        2011-09-09

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།དྲག་ཆས་ཉེས་ཅན་སྐོར་ཞིག་གིས་ཚེས7ཉིན་ཁོང་གོ་ཅིན་ལྷོ་ཕྱོགས་ཀྱི་ཅྰ་ཏན་ཅྰ་ཞིང་ཆེན་གྱི་བཙོན་ཁང་ཞིག་ལ་འཇབ་རྒོལ་བྱས་ཏེ།མི2རྐྱེན་ལམ་དུ་ཤོར་བ་དང་མི2ལ་རྨས་ཕོག་ཟེར། ཞིང་ཆེན་དེའི་མགྲིན་ཚབ་པ་ཆུང་མྰ་ལེ་ཡིས་བདེན་དཔང་བྱས་དོན།ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་ལས་ད་རུང་བཙོན་མ967ཕྱིར་ཤོར་བ་དང་།འཇབ་རྒོལ་མཁན་ནི་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲུང་དམག་ཞེས་པའི་དྲག་ཆས་པའི་ཁོངས་མི་ཡིན་པ་དང་འཛིན་བཟུང་བྱས་ཡོད་པའི་གྲོགས་པོ་སྐྱོབ་ཏུ་ཡོང་བ་རེད་ཟེར། ཆུང་མྰ་ལེ་ཡིས་བཤད་རྒྱུར།བཙོན་ཁང་དེར་བསྡོམས་པས་བཙོན་མ1500ཡོད་ཟེར།
  • ལེ་ཚན་སྔོན་མ།:ཨ་མེ་རི་ཁའི་ཉིག་ཡོ་གྲོང་ཁྱེར་ནས་མེ་མདའི་འཁྲུག་རྩོད་བྱུང་སྟེ་མི3རྐྱེན་ལམ་དུ་ཤོར་བ་དང་མི47ལ་རྨས་ཕོག་པ།
  • ལེ་ཚན་རྗེས་མ།:ཨ་ཧྥུའུ་ཧན་དབུས་ཕྱོགས་སུ་ཡོད་པའི་་བྱང་ཆིངས་རྩ་འཛུགས་ཀྱི་དམག་སྒར་ཞིག་ལ་འཇབ་རྒོལ་ཐེབས་ཏེ་མི་མང་བོར་རྨས
  • དོ་སྣང་ཆེ་བའི་རྩོམ།