དབྱི་ལིང་གིས་ཁུའུ་ཨར་ཏི་དྲག་ཆས་མི་སྣས་བཏོན་པའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་གཞི་དང་ལེན་མ་བྱས་པ།

        2011-09-08

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།དབྱི་ལིང་དབྱི་སི་ལན་གསར་བརྗེའི་འགོག་སྲུང་རུ་ཁག་གིས་ཚེས5ཉིན་ཁུའུ་ཨར་ཏི་སི་ཐན་རང་དབང་འཚོ་བའི་ཏང་གི་དྲག་ཆས་མི་སྣས་བཏོན་པའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་གཞི་དང་ལེན་མ་བྱས་པ་དང་། རྩ་འཛུགས་དེ་དབྱི་ལིང་གི་མངའ་ཁོངས་ནས་ཕྱིར་འཐེན་བྱེད་དགོས་པའི་རེ་བ་བཏོན།

དབྱི་སི་ལན་གསར་བརྗེའི་འགོག་སྲུང་རུ་ཁག་གི་མགྲིན་ཚབ་པ་ཧཱ་མུས་ཏི་ཨེ་ཧཱ་མེད་ཏིས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ང་ཚོས་ཁུའུ་ཨར་ཏི་སི་ཐན་རང་དབང་འཚོ་བའི་ཏང་གི་དྲག་ཆས་མི་སྣ་སྔོན་ལ་དབྱི་ལིང་གི་མངའ་ཁོངས་ནས་ཕྱིར་འཐེན་བྱེད་དགོས་པའི་རེ་བ་བཏོན་ཡོད་པས། རྩ་འཛུགས་དེས་བཏོན་པའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་གཞི་དེར་མིག་སྔར་དོན་སྙིང་ཅི་ཡང་མེད་ཟེར།

ཧཱ་མུས་ཏི་ཨེ་ཧཱ་མེད་ཏིས་ཀྱིས་བཤད་རྒྱུར། གལ་ཏེ་ཁུའུ་ཨར་ཏི་སི་ཐན་རང་དབང་འཚོ་བའི་ཏང་གི་དྲག་ཆས་པ་དབྱི་ལིང་གི་མཐའ་མཚམས་ས་ཁུལ་ནས་ཕྱིར་འཐེན་བྱས་ནས། དབྱི་ལིང་སྲིད་གཞུང་གིས་གནས་ཚུལ་ལ་གཞིགས་ཏེ་རྩ་འཛུགས་དེའི་བར་འཁྲུག་རྩོད་མཚམས་འཇོག་པའི་གནད་དོན་ལ་གྲོས་མོལ་བྱེད་ངེས་ཡིན་ཟེར། ཁུའུ་ཨར་ཏི་སི་ཐན་རང་དབང་འཚོ་བའི་ཏང་གི་དྲག་ཆས་པས་ཚེས་ལྔ་ཉིན་གྱི་ཞོགས་པར་དབྱི་ལིང་སྲིད་གཞུང་ལ་འཁྲུག་རྩོད་མཚམས་འཇོག་པའི་གྲོས་གཞི་བཏོན་པ་རེད། །

 
  • ལེ་ཚན་སྔོན་མ།:ལི་པུ་ཡཱའི་ངོ་རྒོལ་ཕྱོགས་ཁག་གིས་ཁཱ་ཀྲ་ཧྥེ་ཡི་དམག་དཔུང་ལ་མགོ་སྒུར་བར་སྐུལ་བའི་གྲོས་མོལ་ལ་མཇུག་འབྲས་མ་
  • ལེ་ཚན་རྗེས་མ།:ཨ་མེ་རི་ཁའི་འགྲུལ་སྐྱེལ་གནམ་གྲུ་ཞིག་ཁཱ་ནཱ་ཏཱའི་བོ་ཐེ་ཧྭ་གནམ་གྲུ་ཐང་ནས་རྒྱུག་ལམ་ལས་ཕྱིར་ཤོར་བ།
  • དོ་སྣང་ཆེ་བའི་རྩོམ།