ཨ་མེ་རི་ཁའི་འགྲུལ་སྐྱེལ་གནམ་གྲུ་ཞིག་ཁཱ་ནཱ་ཏཱའི་བོ་ཐེ་ཧྭ་གནམ་གྲུ་ཐང་ནས་རྒྱུག་ལམ་ལས་ཕྱིར་ཤོར་བ།

        2011-09-08

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཨ་མེ་རི་ཁའི་མཉམ་འབྲེལ་མཁའ་འགྲུལ་ཀུང་ཟིའི་འགྲུལ་སྐྱེལ་གནམ་གྲུ་ཞིག་ཚེས4ཉིན་གྱི་ཕྱི་དྲོར་བོ་ཐེ་ཧྭ་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་འབབ་སྐབས་རྒྱུག་ལམ་ལས་ཤོར་ཏེ། སར་འབབ་བྱེད་ཀྱི་སྒྲིག་ཆས་ལ་གཏོར་བརླག་ཐེབས་ཀྱང་། གནམ་གྲུའི་སྟེང་གི་འགྲུལ་བ་ཞེ་བཞི་དང་གནམ་གྲུའི་སྟེང་གི་ལས་བྱེད་མི་སྣ་གསུམ་པོ་བདེ་མོ་འཚམ་པོ་རེད།

ས་དེའི་ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། ཀུང་ཟི་དེའི་གནམ་གྲུ་གཏོང་ཐེངས་གསུམ་གསུམ་དྲུག་གསུམ་པ་དེ་ཨ་མེ་རི་ཁའི་ཀྲི་ཅཱ་ཀི་ནས་བོ་ཐེ་ཧྭ་རུ་འཕུར་ཡོང་བ་དང་། སར་འབབ་སྐབས་རྒྱུག་ལམ་ལས་ཤོར་ཏེ་རྩྭ་ཐང་ཞིག་ཏུ་བསྡད། གནམ་གྲུའི་གཞུག་སར་དྲུད་པ་དང་། སར་འབབ་སྒྲིག་ཆས་ལ་གཏོར་བརླག་ཚབས་ཆེན་ཐེབས་པར་མ་ཟད་འབར་སྣུམ་ཕྱིར་བཞུར་བ་རེད།

གནམ་གྲུའི་ཐང་གི་མེ་གསོད་མི་སྣ་མྱུར་བ་མྱུར་དུ་དོན་རྐྱེན་བྱུང་སར་སོང་ནས་འབར་སྣུམ་ཕྱིར་བཞུར་བ་བཅད་པ་དང་། གནམ་གྲུའི་སྟེང་གི་མི་སྣ་ཚང་མ་བདེ་འཇགས་ངང་གནས་གཞན་དུ་བསྐྱལ། དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད། །

 
  • ལེ་ཚན་སྔོན་མ།:དབྱི་ལིང་གིས་ཁུའུ་ཨར་ཏི་དྲག་ཆས་མི་སྣས་བཏོན་པའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་གཞི་དང་ལེན་མ་བྱས་པ།
  • ལེ་ཚན་རྗེས་མ།:ཨུ་རུ་སིའི་འགྲུལ་སྐྱེལ་གནམ་གྲུ་ཞིག་སར་ལྷུང་སྟེ་མི་ཞེ་གསུམ་རྐྱེན་ལམ་དུ་ཤོར་བ།
  • དོ་སྣང་ཆེ་བའི་རྩོམ།