ཨུ་རུ་སི་དང་པཱ་ཞིའི་ཕྱི་འབྲེལ་བློན་ཆེན་གྱིས་ལི་པུ་ཡཱའི་ཕྱོགས་སོ་སོས་དྲག་ཆས་འགུལ་བསྐྱོད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་བ།

        2011-09-06

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་དང་པཱ་ཞིའི་ཕྱི་འབྲེལ་བློན་ཆེན་ཕཱ་ཐི་ལི་ཨོ་ཐཱ་གཉིས་ཀྱིས་ཚེས་བཞི་ཉིན་མའོ་སི་ཁོ་ནས་གྲོས་མོལ་བྱས་རྗེས་བསྟན་དོན། ཨུ་རུ་སི་དང་པཱ་ཞི་རྒྱལ་ཁབ་གཉིས་ཀྱིས་ལི་པུ་ཡཱའི་འཁྲུག་རྩོད་ཕྱོགས་ཁག་སོ་སོས་དྲག་ཆས་འགུལ་བསྐྱོད་མཚམས་བཞག་སྟེ་མི་སེར་དཀྱུས་མར་ཤི་རྨས་འབྱུང་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།ཨུ་རུ་སིའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཉིན་དེར་འཚམས་འདྲིར་ཡོང་བའི་ཕཱ་ཐི་ལི་ཨོ་ཐཱ་དང་ཐུག་འཕྲད་བྱས་རྗེས་བཤད་རྒྱུར། ལི་པུ་ཡཱ་རྒྱལ་ཁབ་ཏུ་མིག་སྔར་བྱུང་བའི་ཡོད་ཚད་ལ་སེམས་ཁུར་མི་བྱེད་ཐབས་མེད་ཡིན། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་དམིགས་ཡུལ་གཙོ་བོ་ནི་མི་སེར་དཀྱུས་མའི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་དེ་ཡིན་ཡང་། མིག་སྔར་ད་རུང་སྔར་བཞིན་ལི་པུ་ཡཱའི་མི་སེར་དཀྱུས་མ་མང་བོའི་ཚེ་སྲོག་ལ་འཇིགས་པ་འབྱུང་བཞིན་ཡོད། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ནན་གྱིས་བསྟན་དོན། ཡཱ་ང་བའི་དཀའ་སྡུག་གི་བརྒྱུད་རིམ་ད་རུང་མཇུག་རྫོགས་མེད་ཅིང་། ལི་པུ་ཡཱའི་མི་དམངས་ཀྱི་ཁེ་ཕན་བསམ་ན་ངེས་པར་དུ་འཐབ་འཁྲུག་མཚམས་བཞག་སྟེ་ཞི་བའི་གྲོས་མོལ་གྱི་ཐབས་ལམ་འཚོལ་ཞིབ་བྱེད་དགོས་ཟེར།ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བལྟས་ན། ལི་པུ་ཡཱའི་སྔོན་ཆད་ཀྱི་མགོ་ཁྲིད་པར་རྒྱབ་སྐྱོར་བྱས་མྱོང་བའི་ཆབ་སྲིད་དང་། རིགས་རྒྱུད། ཚོ་ཁག་བཅས་ཀྱང་ལི་པུ་ཡཱའི་མི་རིགས་འགྲིག་མཐུན་བརྒྱུད་རིམ་གྱི་རྩ་འཛུགས་གྲུབ་ཆ་ཞིག་ཏུ་འགྱུར་སྲིད་པར་བསམ་བཞིན་ཡོད། ཁོས་བཤད་རྒྱུར། ཨུ་རུ་སི་ཕྱོགས་ཀྱིས་མུ་མཐུད་དུ་ལི་པུ་ཡཱའི་རྒྱལ་ཡོངས་བར་བརྒལ་ཨུ་ཡོན་ལྷན་ཁང་བར་འབྲེལ་འདྲིས་བྱེད་རྒྱུ་ཡིན་པ་དང་། ལི་པུ་ཡཱའི་རྒྱལ་ཡོངས་བར་བརྒལ་ཨུ་ཡོན་ལྷན་ཁང་གི་དཔལ་འབྱོར་དང་མཉམ་ལས་གནད་དོན་གྱི་འགན་ཁུར་བའི་དཔོན་རིགས་དང་ཐུག་འཕྲད་བྱེད་རྩིས་ཡོད་ཟེར།སི་རི་ཡཱའི་གནད་དོན་གླེང་སྐབས་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སི་ཕྱོགས་ཀྱིས་སི་རི་ཡཱ་རྒྱལ་ཁབ་ཏུ་ལི་པུ་ཡཱའི་རྣམ་པ་ཡང་བསྐྱར་འབྱུང་བའི་གནས་ཚུལ་མཐོང་འདོད་མེད་ལ། ཨུ་རུ་སི་ཕྱོགས་ཀྱིས་འབྲེལ་ཡོད་ཕྱོགས་ཀྱིས་འཁྲུག་རྩོད་མཚམས་བཞག་སྟེ་གྲོས་མོལ་སླར་གསོ་བྱེད་དགོས་པའི་འབོད་སྐུལ་བཏང་།

  • ལེ་ཚན་སྔོན་མ།:ཁཱ་ཀྲ་ཧྥེ་ཡི་དམག་དཔུང་ལ་ཆེས་མཇུག་མཐའི་ཐ་ཚིག་བསྒྲགས་པ།
  • ལེ་ཚན་རྗེས་མ།:དབྱི་སི་རལ་གྱི་ཙུང་ལིས་གྲུ་གཟིངས་ལ་འཇབ་རྒོལ་བྱས་པའི་དོན་རྐྱེན་ཐད་ནས་ཐུར་ཁེ་ལ་དགོངས་དག་ཞུ་རྒྱུ་ཁས་ལེན
  • དོ་སྣང་ཆེ་བའི་རྩོམ།