བསོད་ནམས་ཚེ་རིང་། ཞིན་ཧྭ་གསར་འགྱུར་དྲ་བ། 2011-08-30
ཨོ་སི་ཁྲུ་རི་ཡཱའི་དབུས་ཕྱོགས་ཀྱི་པེན་ཧུའུ་ཚེ་ཨར་ས་ཁུལ་དུ་ཚེས་ཉེར་བརྒྱད་ཉིན་གྱི་ཕྱི་དྲོར་གནམ་གྲུ་ཆུང་བ་གཉིས་བར་སྣང་ནས་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་གསུམ་རྐྱེན་ལམ་དུ་ཤོར།
པེན་ཧུའུ་ཚེ་ཨར་གནམ་གྲུ་ཐང་གི་འགན་ཁུར་བ་མའོ་ཙེ་ཡིས་བཤད་རྒྱུར། གནམ་གྲུ་གཉིས་ཐོ་བརྒྱབ་པའི་ས་དེ་གནམ་གྲུ་ཐང་གི་རྒྱུག་ལམ་དང་བར་ཐག་སྨི་ཉིས་བརྒྱ་དང་ལྔ་བཅུ་ཙམ་ཡོད་པ་དང་། ས་ངོས་དང་བར་ཐག་སྨིས་བཞི་བཅུ་ནས་ལྔ་བཅུ་ཙམ་ཡོད། སྐབས་དེར་གནམ་གྲུ་དེ་གཉི་ག་ཐོག་འོག་བྱས་ཏེ་ཁ་ཕྱོགས་གཅིག་ཏུ་འཕུར་བཞིན་ཡོད་ལ། གནམ་གྲུའི་ཁ་ལོ་བ་གཉིས་ཀྱིས་ཕན་ཚུན་མཐོང་མེད་ཟེར།
ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། གནམ་གྲུ་གཉིས་ཐོ་བརྒྱབ་རྗེས། སེ་སི་ནཱ150རྟགས་ཅན་གྱི་གནམ་གྲུ་དེ་མ་ཐག་སར་ལྷུང་སྟེ་གནམ་གྲུའི་སྟེང་གི་མི་གཉིས་པོ་རྐྱེན་ལམ་དུ་ཤོར། གནམ་གྲུ་གཞན་པའི་སྟེང་གི་བུད་མེད་ཅིག་རྐྱེན་ལམ་དུ་ཤོར་བ་དང་། ཁ་ལོ་བར་རྨས་ལྗིད་མོ་ཕོག་ཡོད་ལ་གྱེན་འཕུར་གནམ་གྲུ་བཀོལ་ནས་སྨན་ཁང་དུ་བསྐྱལ་བ་རེད་ཟེར།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10