དབྱི་ལིང་གིས་དངོས་ལུགས་རིག་པའི་མཁས་པ་ལྐོག་གསོད་བྱས་པའི་ལག་དམར་ལ་སྲོག་ཁྲིམས་བཅད་པ།

བསོད་ནམས་ཚེ་རིང་།    ཞིན་ཧྭ་གསར་འགྱུར་དྲ་བ།    2011-08-30

དབྱི་ལིང་གི་ཞིབ་དཔྱོད་དཔོན་པོ། ཁྲིམས་འཛིན་པུའུ་ཡི་མགྲིན་ཚབ་པ་མུའུ་ཧི་ཞིན་ནེ་ཨེ་ཅེ་ཡེ་ཡིས་ཚེས་ཉེར་བརྒྱད་ཉིན་ས་དེའི་གསར་འགྱུར་ལས་རིགས་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། དབྱི་ལིང་ཁྲིམས་འཛིན་སྡེ་ཁག་གིས་ཉིན་དེར་ན་ནིང་རྒྱལ་ཁབ་རང་གི་དངོས་ལུགས་རིག་པའི་མཁས་པ་ཨ་ལི་མུའུ་ཧན་མའོ་ཏིས་ལྐོག་གསོད་བྱེད་མཁན་གྱི་ལག་དམར་ཧྥ་ཧྲི་ལ་སྲོག་ཁྲིམས་བཅད་ཟེར།

མུའུ་ཧི་ཞིན་ནེ་ཨེ་ཅེ་ཡེ་ཡིས་བཤད་རྒྱུར། དབྱི་སི་ལན་གསར་བརྗེའི་ཁྲིམས་རའི་ཐག་གཅོད་མཇུག་འབྲས་ལྟར་དུ་ཧྥ་ཧྲི་ལ་སྲོག་ཁྲིམས་བཅད་པ་རེད། ཧྥ་ཧྲི་ནི་ཨ་ལི་མུའུ་ཧན་མའོ་ཏིས་ལྐོག་གསོད་བྱས་རྗེས་འཛིན་བཟུང་བྱས་པ་རེད། དབྱི་ལིང་ཁྲིམས་རས་ཟླ་འདིའི་ཚེས་ཉེར་གསུམ་ཉིན་ཁོ་ལ་འདྲི་གཅོད་བྱས་པ་དང་། ཧྥ་ཧྲི་ཡིས་སྔོན་ཆད་རང་ཉིད་ལ་དབྱི་སི་རལ་གྱི་མྱུལ་མའི་ཐོབ་ཐང་ཡོད་པ་ཁས་ལེན་བྱས།

  • ལེ་ཚན་སྔོན་མ།:ཨོ་སི་ཁྲུ་རི་ཡཱའི་གནམ་གྲུ་ཆུང་བ་གཉིས་ཐོ་བརྒྱབ་སྟེ་མི་གསུམ་རྐྱེན་ལམ་དུ་ཤོར་བ།
  • ལེ་ཚན་རྗེས་མ།:ཨོ་སི་ཁྲུ་རི་ཡཱའི་གནམ་གྲུ་ཆུང་བ་གཉིས་ཐོ་བརྒྱབ་སྟེ་མི་གསུམ་རྐྱེན་ལམ་དུ་ཤོར་བ།
  • དོ་སྣང་ཆེ་བའི་རྩོམ།