2011-08-30
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས22ཉིན་རྒྱལ་ས་ཨུ་ལན་དཔའ་ཐུལ་གྱི་རྒྱལ་ཁབ་དཔེ་མཛོད་ཁང་གི་མདུན་དུ“མོང་གོལ་གྱི་ལྗང་མདོག་ལས་འགུལ”དང་།“བདེན་དོན་སྤྱི་དམངས་ཀྱི་འཐབ་ཕྱོགས”“མི་དམངས་ལྟ་ཞིབ་ཨུ་ཡོན་ལྷན་ཁང”སོགས་སྲིད་གཞུང་མིན་པའི་རྩ་འཛུགས་ཀྱིས་རྔམ་སྟོན་ཁྲོམ་སྐོར་བྱས་ཏེ་མོང་གོལ་རྒྱལ་ཁབ་ཏུ་ཉིང་རྡུལ་སྙིགས་རོའི་རྟེན་གཞི་བསྐྲུན་རྒྱུའི་འཆར་གཞིར་ངོ་རྒོལ་བྱས་ཤིང་། ཁོང་ཚོས་ཉིང་རྡུལ་སྙིགས་རོའི་རྟེན་གཞིར་ངོ་རྒོལ་བྱེད་པའི་སྦྱར་ཚིག་ཁྱེར་ནས་ཁོང་ཚོའི་ལངས་ཕྱོགས་མཚོན་པར་བྱས་པ་རེད།ཉིན་དེའི་ཉིན་གུང་དུ་ཨ་རིའི་ཙུང་ཐུང་གཞོན་པ་པའེ་ཏེང་མོང་གོལ་དུ་འབྱོར་ནས་དུས་ཐུང་འཚམས་འདྲི་བྱེད་འགོ་ཚུགས་པ་དང་། རྒྱལ་ཁབ་དཔེ་མཛོད་ཁང་ནི“ཇིང་གིར་རྒྱལ་པོ”རྒྱལ་སྤྱིའི་གནམ་ཐང་ནས་གྲོང་ཁུལ་དུ་བསྐྱོད་པར་ངེས་པར་བརྒྱུད་དགོས་པའི་ལམ་བུ་ཡིན་ཞིང་། ཚེས21ཉིན་ཨུ་ལན་དཔའ་ཐུལ་གྱི་སུའུ་ཧོ་དཔའ་ཐུལ་ཐང་ཆེན་དུ་མོང་གོལ་གྱི་ན་གཞོན་ཁག་གཅིག་གིས་རྔམ་སྟོན་ཁྲོམ་སྐོར་གྱི་བྱེད་སྒོ་སྤེལ་ནས་མོང་གོལ་རྒྱལ་ཁབ་ཏུ་ཉིང་རྡུལ་སྙིགས་རོའི་རྟེན་གཞི་དང་ཉིང་རྡུལ་གློག་ཁང་བསྐྲུན་རྒྱུར་ངོ་རྒོལ་བྱས་པ་རེད།
ད་ལོ་ནས་བཟུང་མོང་གོལ་རྒྱལ་ཁབ་ཏུ་ཉིང་རྡུལ་སྙིགས་རོའི་རྟེན་གཞི་བསྐྲུན་རྒྱུའི་སྐོར་གྱི་གོ་ཐོས་སྐབས་རེར་བྱུང་ནའང་མོལ་གོལ་སྲིད་གཞུང་དང་། མོལ་གོལ་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཁང་། མོང་གོལ་དུ་བཅའ་སྡོད་རི་པིན་གཞུང་ཚབ་ཁང་སོགས་ཀྱིས་དེ་དག་ཐེངས་མང་པོར་ཁས་ལེན་བྱས་མེད་པ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10