དབྱིན་ཇིའི་དབུ་བཞུགས་བློན་ཆེན་གྱི་སྨྱན་སྦྱོར་གཙོ་གཉེར་ཟུར་པས“ཕྱོགས་གཉིས་ནས་དངུལ་བླངས་པའི”དོགས་གཞི་ཡོད་པ།

        2011-08-30

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁ་མེ་ལུན་གྱི་སྨྱན་སྦྱོར་གཙོ་གཉེར་ཟུར་པ་སྟེ་ལྐོག་ཉན་བྱས་པའི་དབང་གིས་སྒོ་བརྒྱབ་པའི《འཛམ་གླིང་གསར་འགྱུར་ཚགས་པར》གྱི་རྩོམ་སྒྲིག་པ་གཙོ་བོ་ཟུར་པ་ཁུར་སེན་ལ་མཚན་ཤས་ཡོད་པ་སླར་ཡང་སྨྱན་སྦྱོར་གྱིས་ཕྱིར་མངོན་པ་སྟེ། ཚགས་པར་ལས་ཁུངས་ནས་ཁ་བྲལ་ནས་ཁ་མེ་ལུན་གྱི་སྨྱན་སྦྱོར་གཙོ་གཉེར་གྱི་འགན་ཁུར་རྗེས་སྔར་བཞིན་ཁོང་གི་སྦྱིན་བདག་རྙིང་པའི་ས་ནས་དངུལ་སྨར་དང་དེ་བཞིན་ཕན་པ་གཞན་ཐོབ་པའི་དོགས་གཞི་ཡོད་ཅེས་བརྗོད་པ་རེད།དབྱིན་ཇིའི་སྨྱན་སྦྱོར་གྱིས་ཡོངས་ཁྱབ་ངང་ཁུར་སེན་གྱིས“ཕྱོགས་གཉིས་ནས་དངུལ་བླངས་པ”དེས་རྙིང་ཞེན་ཏང་དང་སྲིད་གཞུང་གི་སྨྱན་སྦྱོར་གཙོ་གཉེར་གྱི་འགན་འཁུར་སྐབས་སྒྲུབ་འགན་ཁས་ལེན་བྱས་པའི་རང་ཉིད་ཀྱི་འགན་འཁྲིར་ཤུགས་རྐྱེན་ཐེབས་སྲིད་ལ་གནས་ཚུལ་དེ་ཕྱིར་མངོན་པ་དེས་ཁ་མེ་ལུན་དང་མོའུ་ཏོ་ཁེ་གསར་འགྱུར་ཚོགས་པའི་འབྲེལ་བ་དམ་ཟབ་དེ་མི་ཚོས་དོ་ཁུར་བྱེད་པའི་གནད་དོན་གཙོ་བོ་ཞིག་ཏུ་སླར་ཡང་འགྱུར་བའི་ངོས་འཛིན་བྱས་པ་རེད།  །

  • ལེ་ཚན་སྔོན་མ།:ཨ་མེ་རི་ཁའི་དཔོན་རིགས་ཀྱིས་རྟེན་གཞི་རྩ་འཛུགས་ཀྱི་མགོ་བ་གཙོ་བོ་གཉིས་པ་ལཱ་ཧི་མན་བསད་པར་བཤད་པ།
  • ལེ་ཚན་རྗེས་མ།:ཀྲུང་གོའི་གཞོན་ནུའི་འཐུས་མི400ལྷག་གིས་འཇར་པན་ལ་འཚམས་འདྲི་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།