ལི་པུ་ཡཱའི་ངོ་རྒོལ་ཕྱོགས་ཁག་གིས་ཟླ8ཀྱི་ནང་འདེམ་བསྐོའི་བྱ་འགུལ་ཆེན་མོ་སྤེལ་རྒྱུ་ཁྱབ་སྒྲོག་བྱས་པ།

        2011-08-26

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལི་པུ་ཡཱའི་ངོ་རྒོལ་ཕྱོགས་ཁག་རྒྱལ་ཡོངས་བར་བརྒལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཅཱ་ལེ་ལེ་ཡིས་ཚེས24ཉིན་པར་སྐྲུན་བྱས་པའི་དབྱི་ཐཱ་ལིའི་སྤྱི་མཐུན་རྒྱལ་ཁབ་ཚགས་པར་ཞེས་པའི་སྟེང་བསྟན་དོན། ལི་པུ་ཡཱ་རྒྱལ་ཁབ་ཀྱིས་ཟླ་ངོ8ཀྱི་ནང་གྲོས་ཁང་དང་ཙུང་ཐུང་འདེམ་བསྐོ་བྱེད་རྒྱུ་ཡིན་ཟེར།

ཅཱ་ལེ་ལེ་ཡིས་བཤད་རྒྱུར། ང་ཚོས་ཟླ་ངོ8ཀྱི་ནང་འདེམ་བསྐོ་བྱེད་རྒྱུ་ཡིན་པ་དང་། ང་ཚོར་དམངས་གཙོའི་སྲིད་གཞུང་ཞིག་དང་དྲང་བདེན་གྱི་རྩ་ཁྲིམས་ཤིག་མཁོ་གལ་ཆེ་བ་དང་། ཆེས་གལ་ཆེ་བ་ནི་ང་ཚོ་སྔོན་ཆད་དང་འདྲ་བར་འཛམ་གླིང་སྟེང་ཁེར་རྐྱང་དུ་མི་ལུས་པར་བྱེད་རྒྱུ་དེ་ཡིན་ཟེར།

ཅཱ་ལེ་ལེ་ཡིས་བཤད་རྒྱུར། གསར་དུ་གྲུབ་པའི་ལི་པུ་ཡཱ་དེ་ངེས་པར་དུ་སྔོན་ཆད་དང་གཅིག་མཚུངས་ཡིན་མི་རུང་ལ། རང་དབང་དང་འདྲ་མཉམ། མཛའ་མཐུན་བཅས་ཀྱི་རྨང་གཞིའི་སྟེང་བཙུགས་པའི་རྒྱལ་ཁབ་ཅིག་ཡིན་དགོས་པར་མ་ཟད། རྒྱལ་ཁབ་གཞན་པའི་བར་ཕན་ཚུན་བརྩི་འཇོག་དང་མཉམ་ལས་བྱེད་པའི་རྨང་གཞིའི་སྟེང་འབྲེལ་བ་ཟབ་མོ་འཛུགས་དགོས་ལ། ལི་པུ་ཡཱ་རྒྱལ་ཁབ་དེ་ད་རུང་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་ཀྱི་ཁོངས་གཏོགས་སུ་འགྱུར་དགོས་བ་དང་། སྔར་ནས་བཀོད་པའི་གྲོས་མཐུན་དང་སྤྱི་ཆིངས་ཚང་མ་བརྩི་སྲུང་བྱེད་དགོས་ཟེར།  །

 
  • ལེ་ཚན་སྔོན་མ།:“ཀྲུང་ཐེ་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་པར་རིས་འགྲེམས་སྟོན་པང་ཁོག་ཏུ་བྱེད་འགོ་ཚུགས་པ།
  • ལེ་ཚན་རྗེས་མ།:མེ་ཏི་བེ་ཅེ་ཧྥུའུ་དང་ཅིན་ཀྲིན་རི་གཉིས་ཀྱིས་གྲོས་མོལ་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།