“ཀྲུང་ཐེ་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་པར་རིས་འགྲེམས་སྟོན་པང་ཁོག་ཏུ་བྱེད་འགོ་ཚུགས་པ།

        2011-08-26

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། “ཤིན་ཧྭ་པར་རིས་བར་ཁྱམས་སྟེ་ཀྲུང་ཐེ་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་པར་རིས་འགྲེམས་སྟོན་དེ་ཚེས23ཉིན་ཐེ་ལན་གྱི་རྒྱལ་ས་པང་ཁོག་ཏུ་བྱེད་འགོ་ཚུགས་ཤིང་བྱེད་སྒོའི་དམིགས་ཡུལ་ནི་ཀྲུང་ཐེ་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ36འཁོར་བ་དང་།ཐེ་ལན་གྱི་སྲས་མོ་ཧྲི་ལིན་ཐུང་གིས་ཀྲུང་གོར་འཚམས་འདྲི་གནང་ནས་ལོ30འཁོར་བ།ཤིན་ཧྭ་གསར་འགྱུར་ཁང་བཙུགས་ནས་ལོ80འཁོར་བ་བཅས་ལ་རྟེན་འབྲེལ་ཞུ་ཆེད་རེད།སྲས་མོ་ཧྲི་ལིན་ཐུང་པར་རིས་འགྲེམས་སྟོན་ལ་ཕེབས་པ་དང་འབྲེལ་དར་ཚོན་ཡང་བྲེག་གནང་བ་རེད། ཐེ་ལན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་བ་ཀོན་མུའུ་དང་།ཐེ་ཀྲུང་དཔལ་འབྱོར་རིག་གནས་མཐུན་ཚོགས་ཀྱི་ཚོགས་གཙོ་ཐེ་ལན་གྱི་ཙུང་ལི་གཞོན་པ་ཟུར་པ་ཕོ་ཉི། ཤིན་ཧྭ་གསར་འགྱུར་ཁང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་སྤྱི་ཁྱབ་ཡན་ལག་ཁང་གི་འགོ་འཛིན་ཅུས་མེང་ཅུན་སོགས་འགོ་ཚུགས་མཛད་སྒོར་ཕེབས་ཡོད། པར་རིས་འགྲེམས་སྟོན་དེ་ཤིན་ཧྭ་གསར་འགྱུར་ཁང་པང་ཁོག་ཡན་ལག་ཁང་གིས་གཙོ་གཉེར་བྱས་པ་དང་ཐེ་ལན་ཐེ་ཧྭ་ཞིང་པའི་དངུལ་ཁང་དང་ཐེ་ཀྲུང་དཔལ་འབྱོར་རིག་གནས་མཐུན་ཚོགས་སོགས་ཚན་པས་གཉེར་རོགས་བྱས་ཡོད་པ་རེད།

གཙོ་གཉེར་བྱེད་མཁན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན།ད་རེས་ཀྱི་འགྲེམས་སྟོན་དེ་ཟླ8པའི་ཚེས26བར་བྱ་རྒྱུ་ཡིན་པ་དང་ཀྲུང་ཐེ་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ཚུན་རྒྱལ་ཁབ་གཉིས་པོའི་མཐོ་རིམ་དབར་འགྲོ་འོང་གནང་བའི་རྩ་ཆེའི་པར་རིས་ངོ་གྲངས300ཙམ་སྟོན་པའི་ནང་པར་རིས་ངོ་གྲངས100ལྷག་ནི་སྲས་མོ་ཧྲི་ལིན་ཐུང་གིས་ཀྲུང་གོར་འཚམས་འདྲི་གནང་རིང་གི་སྐུ་པར་ཡིན་པ་དང་པར་རིས་མང་ཆེ་བ་ནི་ཕྱི་ཕྱོགས་ལ་འགྲེམས་སྤེལ་བྱེད་ཐེངས་དང་པོ་རེད།  །

  • ལེ་ཚན་སྔོན་མ།:དབྱི་རག་ཏུ་རང་སྲོག་གཅོད་པའི་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་ཉེན་རྟོག་པ་དྲུག་རྐྱེན་ལམ་
  • ལེ་ཚན་རྗེས་མ།:ལི་པུ་ཡཱའི་ངོ་རྒོལ་ཕྱོགས་ཁག་གིས་ཟླ8ཀྱི་ནང་འདེམ་བསྐོའི་བྱ་འགུལ་ཆེན་མོ་སྤེལ་རྒྱུ་ཁྱབ་སྒྲོག་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།