དབྱི་རག་ཏུ་རང་སྲོག་གཅོད་པའི་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་ཉེན་རྟོག་པ་དྲུག་རྐྱེན་ལམ་དུ་ཤོར་བ།

        2011-08-25

དབྱི་རག་ཉེན་རྟོག་ཕྱོགས་ཀྱིས་ཚེས་ཉེར་བཞི་ཉིན་བཤད་རྒྱུར། དབྱི་རག་དབུས་ཕྱོགས་ཀྱི་ཨན་པཱ་ཨར་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ལཱ་པཱ་ཏིས་ནས་ཉིན་དེར་རང་སྲོག་གཅོད་པའི་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། ཉེན་རྟོག་པ་དྲུག་རྐྱེན་ལམ་དུ་ཤོར་བ་དང་། གཞན་མི་བརྒྱད་ལ་རྨས་ཕོག རྨས་མའི་ཁྲོད་ཉེན་རྟོག་པ་དྲུག་དང་མི་སེར་དཀྱུས་མ་གཉིས་ཡོད་ཟེར།

མིང་བཤད་མི་འདོད་པའི་ལཱ་པཱ་ཏིས་གྲོང་ཁྱེར་གྱི་ཉེན་རྟོག་མི་སྣ་ཞིག་གིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཁ་པར་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། རང་སྲོག་གཅོད་པའི་འཇབ་རྒོལ་མཁན་གྱིས་འགད་རྫས་སྦས་ཡོད་པའི་རླངས་འཁོར་ཞིག་བསྐོར་ཏེ་ལཱ་པཱ་ཏིས་གྲོང་ཁྱེར་གྱི་ཉེན་རྟོག་པའི་སོ་ལྟ་ཁང་ཞིག་ཏུ་ཡོང་ནས་འགས་གཏོར་བཏང་བ་རེད། འཇབ་རྒོལ་མཁན་ཡང་འགས་གཏོར་ཁྲོད་ཤི་སོང་ཟེར།

ཉེན་རྟོག་ཕྱོགས་ཀྱི་མི་སྣ་དེས་བཤད་རྒྱུར། དོན་རྐྱེན་བྱུང་རྗེས་ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་བྱུང་ས་བཀག་སྡོམ་བྱས་པར་མ་ཟད་རྨས་མ་རྣམས་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་དུ་བཅུག་ཟེར། མིག་སྔར་དོན་རྐྱེན་དེར་རྟོག་ཞིབ་བྱེད་བཞིན་ཡོད་པ་དང་། ད་རུང་རྩ་འཛུགས་དང་མི་སྒེར་གང་རུང་གིས་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་དེ་ལ་ཁས་ལེན་བྱས་མེད།

  • ལེ་ཚན་སྔོན་མ།:པུར་ཀ་རི་ཡཱའི་གནམ་གྲུ་ཞིག་སར་ལྷུང་སྟེ་མི་གཉིས་རྐྱེན་ལམ་དུ་ཤོར་བ།
  • ལེ་ཚན་རྗེས་མ།:“ཀྲུང་ཐེ་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་པར་རིས་འགྲེམས་སྟོན་པང་ཁོག་ཏུ་བྱེད་འགོ་ཚུགས་པ།
  • དོ་སྣང་ཆེ་བའི་རྩོམ།