པུར་ཀ་རི་ཡཱའི་གནམ་གྲུ་ཞིག་སར་ལྷུང་སྟེ་མི་གཉིས་རྐྱེན་ལམ་དུ་ཤོར་བ།

        2011-08-25

པུར་ཀ་རི་ཡཱའི་འགྲིམ་འགྲུལ་དང་བརྡ་འཕྲིན་ལག་རྩལ། འཕྲིན་གཏོང་པུའུ་བཅས་ཀྱིས་ཚེས་ཉེར་བཞི་ཉིན་དྲ་ཚིགས་བརྒྱུད་དེ་གསར་འགྱུར་སྤྱི་སྒྲོག་སྤེལ་ཏེ་བཤད་རྒྱུར། ཉིན་དེར་པུར་ཀ་རི་ཡཱའི་མཚོ་ནག་གྲོང་ཁྱེར་གྱི་ཕུའུ་ལི་མའོ་ཨར་སི་ཁི་ནས་གནམ་གྲུ་ཆུང་བ་ཞིག་སར་ལྷུང་བའི་དོན་རྐྱེན་བྱུང་བ་དང་། གནམ་གྲུའི་སྟེང་གི་མི་གཉིས་རྐྱེན་ལམ་དུ་ཤོར་ཟེར།

སྤྱི་སྒྲོག་ལས་བཤད་རྒྱུར། གནམ་གྲུ་དེ་སར་འབབ་རྩིས་བྱེད་སྐབས་ས་ངོས་ཀྱི་དངོས་པོ་དང་ཐོ་བརྒྱབ་ནས་མེར་འབར་བ་རེད། སྐབས་དེར་གནམ་གྲུའི་སྟེང་དུ་ཁ་ལོ་བ་དང་འགྲུལ་བ་གཅིག་ཡོད་ལ། མི་དེ་གཉི་ཀ་པུར་ཀ་རི་ཡཱའི་སྤྱི་དམངས་རེད་ཟེར།

རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། སར་ལྷུང་བའི་གནམ་གྲུ་དེ་ནི་ཨ་མེ་རི་ཁའི་ཞི་རོས་གནམ་གྲུ་ཇུས་འགོད་བཟོ་སྐྲུན་ཀུང་ཟིའི་ཐོན་རྫས་ཡིན་པ་དང་། ཐོན་སྐྱེད་བྱེད་ས་ཅེ་ཁི་རྒྱལ་ཁབ་རེད།

མིག་སྔར་པུར་ཀ་རི་ཡཱའི་འགྲིམ་འགྲུལ་དང་། བརྡ་འཕྲིན་ལག་རྩལ། འཕྲིན་གཏོང་པུའུ་བཅས་ཀྱིས་ཆེད་དོན་ཨུ་ཡོན་ལྷན་ཁང་བཙུགས་ཏེ་དོན་རྐྱེན་དེར་རྟོག་ཞིབ་བྱེད་བཞིན་ཡོད།

  • ལེ་ཚན་སྔོན་མ།:ཡེ་མིན་རྟེན་གཞི་རྩ་འཛུགས་ཀྱིས་སྲིད་གཞུང་དམག་དཔུང་གི་དམག་སྒར་ལ་འཇབ་རྒོལ་བྱས་ཏེ་མི14རྐྱེན་ལམ་དུ་ཤོར་བ།
  • ལེ་ཚན་རྗེས་མ།:དབྱི་རག་ཏུ་རང་སྲོག་གཅོད་པའི་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་ཉེན་རྟོག་པ་དྲུག་རྐྱེན་ལམ་
  • དོ་སྣང་ཆེ་བའི་རྩོམ།