ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡེ་མིན་སྲིད་གཞུང་དམག་དཔུང་གིས་ཚེས23ཉིན་བཤད་རྒྱུར། རྟེན་གཞི་རྩ་འཛུགས་ཀྱི་ཨ་རབ་ཕྱེད་གླིང་ཡན་ལག་དྲག་ཆས་ཉེས་ཅན་གྱིས་དགོང་མོ་དེར་ཡེ་མིན་ལྷོ་ཕྱོགས་ཀྱི་ཨ་པུས་དབྱང་ཞིང་ཆེན་གྱི་སྲིད་གཞུང་དམག་དཔུང་གི་སྒར་ས་ཞིག་ལ་འཇབ་རྒོལ་བྱས། ཕྱོགས་གཉིས་ཀྱི་འཁྲུག་རྩོད་ལས་ཉུང་མཐར་ཡང་དམག་མི6དང་རྟེན་གཞི་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན8རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི49ལ་རྨས་ཕོག་ཟེར། །