ཨོ་པ་མ་ཡིས་ལི་པི་ཡའི་གནས་བབ་ལ་ད་དུང་ངེས་གཏན་མེད་ཅེས་བཤད་པ།

        2011-08-24

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཨ་མེ་རི་ཁའི་ཙུང་ཐུང་ཨོ་པ་མ་ཡིས་ཚེས22ཉིན་གཏམ་བཤད་གནང་ནས། ཁ་ཀྲ་ཧྥེ་སྲིད་དབང་རྩ་མེད་དུ་གཏོང་བཞིན་ཡོད་ནའང་། ལི་པི་ཡའི་གནས་བབ་དེ་ད་ལྟ་ད་དུང་བརྟན་འཇགས་མིན་ལ་ངེས་གཏན་ཡང་མེད་ཅེས་བཤད།

ཨ་མེ་རི་ཁའི་མ་ས་ཀྲུའུ་སད་ཀྲིག་ཏུ་ངལ་གསོ་བྱེད་བཞིན་པའི་ཨོ་པ་མ་ཡིས་གཏམ་བཤད་གནང་སྐབས་བཤད་རྒྱུར། ལི་པི་ཡའི་འཁྲུག་རྩོད་དེ་མཇུག་རྫོགས་ལ་ཉེ་བ་དང་། ཁ་ཀྲ་ཧྥེ་ལ་སྲིད་སྐྱོང་བའི་དུས་ཚོད་མང་པོ་མེད་ཟེར། ཁོས་ཁ་ཀྲ་ཧྥེ་སྲིད་དབང་རྩ་མེད་དུ་གཏོང་བཞིན་པ་དང་། ལི་པི་ཡའི་མ་འོངས་པ་ནི་ལི་པི་ཡ་མི་དམངས་ཀྱི་ལག་ཏུ་ཡོད་ཅེས་བཤད།

དེ་དང་མཉམ་དུ་ཨོ་པ་མ་ཡིས་འཐབ་འཁྲུག་ད་དུང་མཇུག་རྫོགས་མེད་པ་དང་། ལི་པི་ཡའི་གནས་བབ་ད་དུང་བརྟན་འཇགས་མིན་ཞེས་ཉེན་བརྡ་བཏང་། ཁོས་བཤད་རྒྱུར། ལི་པི་ཡའི་གནས་བབ་ད་དུང་ཚད་ངེས་ཅན་སྟེང་ནས་བརྟན་འཇགས་མིན་པ་དང་། སྲིད་དབང་གི་མི་ལྷག་མ་ཁ་ཤས་ཀྱིས་འཇིགས་སྣང་བཟོ་སྲིད་ཟེར། ཁོས་ལི་པི་ཡའི་ངོ་རྒོལ་ཕྱོགས་ཁག་གིས་ཞི་བདེ་དང་བཟོད་སྒོམ། དྲང་བདེན་བཅས་ཀྱི་སྒོ་ནས་སྲིད་དབང་འཛིན་དགོས་པའི་འབོད་སྐུལ་བཏང་།

ཨོ་པ་མ་ཡིས་མཇུག་མཐར་བཤད་རྒྱུར། ཁོས་ཉིན་དེའི་སྔ་མོར་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁ་མེ་ལུན་ལ་ཁ་པར་བཏང་ནས། ཨ་མེ་རི་ཁས་བྱང་ཆིངས་དང་མཉམ་འབྲེལ་རྒྱལ་ཚོགས་ལ་འབྲེལ་འདྲིས་ཟབ་མོ་བྱས་ཏེ། ལི་པི་ཡའི་མི་ཆོས་རིང་ལུགས་ཀྱི་དགོས་མཁོ་བསྐོང་རྒྱུ་ཁས་བླངས་ཡོད་ཟེར།

ལི་པི་ཡའི་རྒྱལ་ཡོངས་བར་བརྒལ་ཨུ་ཡོན་ལྷན་ཁང་གིས་ཚེས22ཉིན་གྱི་ཞོགས་པར་བཤད་རྒྱུར། ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་མི་སྣས་རྒྱལ་ས་ཏི་ལེ་པོ་ལེའི་ས་མང་ཆེ་ཤོས་བཟུང་བ་དང་། ཁ་ཀྲ་ཧྥེ་དང་ཁ་ཀྲ་ཧྥེའི་དམག་དཔུང་ལྷག་མ་སྔོག་བཤེར་བྱེད་བཞིན་ཡོད་ལ། ད་ལྟ་ཏི་ལེ་པོ་ལེ་རུ་དམག་འཁྲུག་ཆུང་ངུ་ད་དུང་མཚམས་ཆད་མེད་པ་དང་། ཁ་ཀྲ་ཧྥེ་གར་སོང་མི་ཤེས་ཟེར། །

 

 
  • ལེ་ཚན་སྔོན་མ།:སུ་རི་ཡའི་ཙུང་ཐུང་གིས་སུ་རི་ཡའི་བདེ་འཇགས་གནས་བབ་ཇེ་བཟང་དུ་ལ་སོང་ཡོད་ཅེས་བསྒྲགས་པ།
  • ལེ་ཚན་རྗེས་མ།:དབྱི་སི་རལ་གྱིས་ཅོར་ཏན་ཆུ་བོའི་ནུབ་འགྲམ་ནས་ཧ་མ་སིའི་ཁོངས་མི10ཕྲག་འགའ་བཟུང་བ།
  • དོ་སྣང་ཆེ་བའི་རྩོམ།