བྱང་ཆིངས་རྩ་འཛུགས་ཀྱིས་ལི་པི་ཡའི་རྒྱལ་ས་འགས་གཏོར་གཏོང་ཤུགས་ཇེ་ཆེར་བཏང་བ།

        2011-08-22

བྱང་ཆིངས་རྩ་འཛུགས་ཀྱིས་ཚེས་ཉི་ཤུ་ཉིན་བསྒྲགས་པའི་གནས་ཚུལ་གསར་བ་ལྟར་ན། བྱང་ཆིངས་རྩ་འཛུགས་ཀྱིས་ཚེས་བཅུ་དགུ་ཉིན་ལི་པི་ཡའི་རྒྱལ་ས་ཏི་ལེ་པོ་ལེ་འགས་གཏོར་གཏོང་ཤུགས་ཇེ་ཆེར་བཏང་བ་དང་། དུས་ཚོད་ཉེར་བཞིའི་རིང་ལ་བསྟུད་མར་གནད་འགག་གི་དམིགས་འབེན་བཅུ་བཞི་འགས་གཏོར་བཏང་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། ཚེས་བཅུ་དགུ་ཉིན་བྱང་ཆིངས་རྩ་འཛུགས་ཀྱིས་འཐབ་འཛིང་གནམ་གྲུ་ཐེངས་བརྒྱ་དང་སུམ་ཅུ་ལ་མངགས་པ་དང་། དེའི་ནང་གི་གནམ་གྲུ་ཐེངས་དྲུག་འགས་གཏོར་འགུལ་སྐྱོད་ལ་ཞུགས་པ་དང་། ཏི་ལེ་པོ་ལེ་ནི་བྱང་ཆིངས་རྩ་འཛུགས་ཀྱི་འགས་གཏོར་དམིགས་འབེན་གཙོ་བོ་ཡིན་ཟེར། བྱང་ཆིངས་རྩ་འཛུགས་ཀྱི་འཐབ་འཛིང་གནམ་གྲུས་ཚེས་བཅུ་དགུ་ཉིན་ཏི་ལེ་པོ་ལེའི་ཉེ་འདབས་ནས་དམག་དོན་སྒྲིག་ཆས་དགུ་དང་འཚོལ་ཞིབ་མ་ལག་གསུམ། མཁའ་སྲུང་མཚོན་ཆའི་མ་ལག་གཅིག ཐན་ཁི་འཁོར་ལོ་གཅིག་སོགས་བསྡོམས་པས་གནད་འགག་གི་དམིགས་འབེན་བཅུ་བཞི་རྡུལ་དུ་བརླགས།

ལི་པི་ཡའི་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་མི་སྣས་ཤར་ལྷོ་ནུབ་གསུམ་ནས་ཏི་ལེ་པོ་ལེའི་ཕྱོགས་སུ་དཔུང་འཇུག་བྱེད་བཞིན་ཡོད་ལ། འདིའི་སྐབས་སུ་བྱང་ཆིངས་རྩ་འཛུགས་ཀྱིས་འགས་གཏོར་གཏོང་ཤུགས་ཇེ་ཆེར་བཏང་བ་ནི། གཙོ་བོ་ངོ་རྒོལ་ཕྱོགས་ཁག་ལ་རྒྱབ་སྐྱོར་བྱེད་པའི་ཆེད་རེད།

  • ལེ་ཚན་སྔོན་མ།:དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཀྲང་གིས་དབྱི་སི་རལ་དམག་དཔུང་གི་འཇབ་རྒོལ་ཁྲོད་ནས་ཨེ་ཅིབ་རྒྱལ་ཁབ་ཀྱི་མི་
  • ལེ་ཚན་རྗེས་མ།:ཕ་ལེ་སི་ཐན་གྱི་ས་གནས་འདེམ་བསྐོ་ཡང་བསྐྱར་དུས་ངེས་མེད་དུ་རྗེས་ལ་བསྣུར་བ།
  • དོ་སྣང་ཆེ་བའི་རྩོམ།