དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཀྲང་གིས་དབྱི་སི་རལ་དམག་དཔུང་གི་འཇབ་རྒོལ་ཁྲོད་ནས་ཨེ་ཅིབ་རྒྱལ་ཁབ་ཀྱི་མི་ཤི་རྨས་བྱུང་བར་ཡིད་ཕངས་པའི་ཚུལ་བསྟན་པ།

        2011-08-22

དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཀྲང་པ་ལ་ཁི་ཡིས་ཚེས་ཉི་ཤུ་ཉིན་བཤད་རྒྱུར། དབྱི་སི་རལ་གྱིས་དབྱི་སི་རལ་དམག་དཔུང་གིས་ཕ་ལེ་སི་ཐན་གྱི་དྲག་ཆས་མི་སྣར་འཇབ་རྒོལ་བྱས་པའི་ཁྲོད་དུ་ཨེ་ཅིབ་རྒྱལ་ཁབ་ཀྱི་མི་སྣར་ཤི་རྨས་བཟོས་པར་ཡིད་ཕངས་པའི་ཚུལ་བསྟན་པ་ཡིན་ཟེར།

པ་ལ་ཁི་ཡིས་ཉིན་དེར་དམག་ཕྱོགས་དང་གསང་འཕྲིན་སྡེ་ཁག་གི་དཔོན་རིགས་བསྡུས་ནས་གནས་བབ་དཔྱད་འཇོག་ཚོགས་འདུ་ཞིག་བསྡུས་རྗེས་གསར་འགོད་པར་བཤད་རྒྱུར། དབྱི་སི་རལ་གྱིས་ཨེ་ཅིབ་ཀྱི་ཉེན་རྟོག་པ་ཨེ་ཅིབ་དང་དབྱི་སི་རལ་གྱི་མཐའ་མཚམས་ཀྱི་འཇབ་རྒོལ་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བར་ཡིད་ཕངས་པའི་ཚུལ་བསྟན་པ་ཡིན་ཟེར།

པ་ལ་ཁི་ཡིས་བཤད་རྒྱུར། ཁོས་དབྱི་སི་རལ་གྱི་རྒྱལ་སྲུང་དམག་ལ་བཀའ་བབས་ཏེ་ཨེ་ཅིབ་ཕྱོགས་ཀྱི་མི་སྣ་ཤི་རྨས་བཟོས་པའི་དོན་རྐྱེན་ལ་ཞིབ་བཤེར་བྱེད་དུ་བཅུག་ཡོད་པ་དང་། དེའི་རྗེས་སུ་ཨེ་ཅིབ་དང་དབྱི་སི་རལ་གྱི་དམག་ཕྱོགས་ཀྱིས་མཉམ་དུ་ཞིབ་བཤེར་བྱས་ཏེ། དོན་རྐྱེན་གྱི་གནས་ཚུལ་ལ་རྩད་གཅོད་ཞིབ་མོ་བྱས་ཆོག་ཟེར།
པ་ལ་ཁི་ཡིས་ཨེ་ཅིབ་དང་དབྱི་སི་རལ་གྱི་ཞི་བའི་གྲོས་ཆོད་ལ་སྲུང་སྐྱོབ་བྱེད་པའི་དོན་སྙིང་གལ་ཆེན་ནན་གྱིས་བསྟན། ཁོས་དབྱི་སི་རལ་དང་ཨེ་ཅིབ་ཀྱི་ཞི་བའི་གྲོས་ཆོད་ནི་ཀྲུང་ཏུང་ས་ཁུལ་གྱི་བརྟན་འཇགས་ལ་མཚོན་ན་དོན་སྙིང་གལ་ཆེན་དང་འཐབ་ཇུས་ཀྱི་རིན་ཐང་ཆེན་པོ་ལྡན་ཞེས་བཤད།

ཨེ་ཅིབ་དཔོན་ཕྱོགས་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུས་ཚེས་བཅོ་བརྒྱད་ཉིན་ཅ་ཧྲ་ལྷོ་ཕྱོགས་ས་ཁུལ་ལ་འཇབ་རྒོལ་བྱས་པའི་ཁྲོད་ནས་ཨེ་ཅིབ་རྒྱལ་ཁབ་ཀྱི་དམག་མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་བདུན་ལ་རྨས་ཕོག་ཟེར།

དོན་རྐྱེན་དེ་དང་བསྟུན་ནས་ཨེ་ཅིབ་དང་དབྱི་སི་རལ་བར་གྱི་འབྲེལ་བ་ཛ་དྲག་ཏུ་གྱུར། ཀྲུང་ཏུང་འཕྲིན་གཏོང་ཁང་གིས་ཚེས་བཅུ་དགུ་ཉིན་བསྒྲགས་པ་ལྟར་ན། ཨེ་ཅིབ་རྒྱལ་ཁབ་ཀྱིས་དབྱི་སི་རལ་ལ་རྒོལ་གཏམ་བཏང་བ་དང་། དབྱི་སི་རལ་ཕྱོགས་ཀྱིས་མྱུར་དུ་དོན་དེར་རྩད་གཅོད་བྱེད་རྒྱུའི་རེ་བ་བཏོན་ཟེར།

  • ལེ་ཚན་སྔོན་མ།:མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སུ་རི་ཡའི་འཁྲུག་རྩོད་ལ་སྐྱོན་བརྗོད་བྱས་པ་དང་ཨ་མེ་རི་ཁས་སུ་རི་ཡ་ལ་བཀག་སྡོམ་བ
  • ལེ་ཚན་རྗེས་མ།:བྱང་ཆིངས་རྩ་འཛུགས་ཀྱིས་ལི་པི་ཡའི་རྒྱལ་ས་འགས་གཏོར་གཏོང་ཤུགས་ཇེ་ཆེར་བཏང་བ།
  • དོ་སྣང་ཆེ་བའི་རྩོམ།