མཚོ་སྔོན་བོད་སྐད་རླུང་འཕྲིན་ལས་དྲངས། 2011-08-22
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེ་རྒྱལ་ཁབ་ཀྱི་དམག་ཕྱོགས་ཀྱིས་ཚེས18ཉིན་གྱི་མཚན་མོར་ཡང་བསྐྱར་འཐབ་འཛིང་གནམ་གྲུ་མངགས་ཏེ། དབྱི་རག་གི་མངའ་ཁོངས་ནས་ཁུའུ་ཨར་ཏི་བཟོ་བའི་ཏང་གི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་རྩ་འཛུགས་ཀྱི་སྒར་ས་འགས་གཏོར་བཏང་།ཐུར་ཁེའི་ཞི་དྲག་དཔོན་རིགས་ཀྱིས་གྲུབ་པའི་ཐུར་ཁེའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་ཉིན་དེར་གསལ་བསྒྲགས་སྤེལ་ནས། དམག་དཔུང་དང་ཉེན་རྟོག་ཕྱོགས་ཀྱིས་མཐུན་སྦྱོར་སྔར་ལས་བཟང་པོ་བྱས་ཏེ། རྒྱལ་ཁབ་མཐུན་སྒྲིལ་ལ་གནོད་སྐྱེལ་བའི་བྱ་སྤྱོད་བཀག་འགོག་བྱེད་དགོས་པའི་རེ་བ་བཏོན། ཐུར་ཁེའི་འཕྲིན་གཏོང་ཁང་ཞིག་གིས་བསྒྲགས་པ་ལྟར་ན། ཚེས་བཅོ་བརྒྱད་ཉིན་གྱི་དུས་ཚོད་བཅུ་དགུའི་སྟེང་། ཐུར་ཁེའི་འཐབ་འཛིང་གནམ་གྲུ་བཅུ་དྲུག་ཐུར་ཁེའི་མངའ་ཁོངས་ཀྱི་དམག་སྒར་ནས་འཕུར་ཏེ། དབྱི་རག་གི་བྱང་ཕྱོགས་སུ་བསྐྱོད་ཟེར།དབྱི་རག་ཏུ་ཡོད་པའི་ཁུའུ་ཨར་ཏི་བཟོ་བའི་ཏང་གི་མགྲིན་ཚབ་པ་ཧ་མོ་ཡིས་བཤད་རྒྱུར། ཀན་ཏིས་ལེ་དང་ཀྲ་པུའུ་སོགས་ས་ཁུལ་གྱི་ཁུའུ་ཨར་ཏི་བཟོ་བའི་ཏང་གི་སྒར་སར་འཇབ་རྒོལ་ཐེབས་པ་དང་། འཇབ་རྒོལ་ཁྲོད་ནས་དྲག་ཆས་མི་སྣ་ཤི་རྨས་མ་བྱུང་ཟེར།འདི་ནི་ཐུར་ཁེའི་དམག་ཕྱོགས་ཀྱིས་འཐབ་འཛིང་གནམ་གྲུ་བཀོལ་ནས་དབྱི་རག་ནས་ལས་འགན་ལག་བསྟར་བྱེད་ཐེངས་གཉིས་པ་ཡིན་ལ། ཚེས་བཅུ་བདུན་ཉིན་ཡང་ཐུར་ཁེས་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་རྩ་འཛུགས་ཀྱི་དམིགས་འབེན་བརྒྱ་དང་རེ་བརྒྱད་འགས་གཏོར་བཏང་།འགས་གཏོར་དེ་གཉིས་ནི་ཚེས་བཅུ་བདུན་ཉིན་གྱི་སྔ་དྲོར་ཐུར་ཁེའི་དམག་མི་ལ་འཇབ་རྒོལ་ཐེབས་པའི་དོན་རྐྱེན་དེར་སྐྱིན་པ་ལེན་པའི་ཆེད་ཡིན། ཚེས་བཅུ་བདུན་ཉིན་གྱི་སྔ་དྲོར། ཐུར་ཁེའི་བདེ་འཇགས་དམག་དཔུང་གི་རླངས་འཁོར་ཧ་ཁ་ལེ་ཞིང་ཆེན་གྱི་གཞུང་ལམ་སྟེང་བགྲོད་སྐབས་ས་འོག་ཏུ་སྦས་པའི་འགད་རྫས་ལ་ཐོགས་ཏེ། ཐུར་ཁེའི་དམག་མི་ཉི་ཤུ་ལྷག་ལ་ཤི་རྨས་བྱུང་། དེའི་རྗེས་སུ་ཁུའུ་ཨར་ཏི་བཟོ་བའི་ཏང་གིས་དོན་རྐྱེན་དེ་ཁོ་ཚོས་བཟོས་པ་ཁས་བླངས། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10