མཚོ་སྔོན་བོད་སྐད་རླུང་འཕྲིན་ལས་དྲངས། 2011-08-22
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལི་པི་ཡའི་ངོ་རྒོལ་ཕྱོགས་ཁག་གིས་ཙི་ལེ་ཐན་གྲོང་ཁྱེར་གྱི་སྨྱན་བྱད་ཨུ་ཡོན་ལྷན་ཁང་གི་དཔོན་རིགས་ཨོ་མད་མུའུ་ཡིས་གསར་འགོད་པར་བཤད་རྒྱུར། ད་ལྟ་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་མི་སྣས་ཙི་ལེ་ཐན་གྲོང་ཁྱེར་གྱི་མངའ་ཁོངས་ཡོངས་ཚོད་འཛིན་བྱས་ཡོད་པར་མ་ཟད། གྲོང་ཁྱེར་ནང་ཁུལ་གྱི་ཁ་ཀྲ་ཧྥེའི་དམག་དཔུང་གྲོང་ཁྱེར་དེ་ནས་མཐར་སྐྲོད་གཏོང་བཞིན་ཡོད་ཟེར། དཔོན་རིགས་དེས་བཤད་རྒྱུར། ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་མི་སྣས་ཚེས་བཅོ་བརྒྱད་ཉིན་ནས་བཟུང་ཙི་ལེ་ཐན་གྲོང་ཁྱེར་ལ་དཔུང་འཇུག་དྲག་པོ་བྱས་པ་དང་། ཕྱོགས་གཉིས་ཀའི་བར་དུ་འཁྲུག་རྩོད་དྲག་པོ་བྱུང་སྟེ། ངོ་རྒོལ་ཕྱོགས་ཁག་གི་དམག་མི་སོ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱ་དང་ཉེར་ལྔ་ལ་རྨས་ཕོག ཁ་ཀྲ་ཧྥེའི་དམག་དཔུང་གི་མཐོ་རིམ་དམག་དཔོན་ཞིག་དང་དམག་མི་འགའ་ངོ་རྒོལ་ཕྱོགས་ཁག་གིས་འཛིན་བཟུང་བྱས་པ་དང་། དམག་མི་ཞེ་ལྔ་རྐྱེན་ལམ་དུ་ཤོར་བ་དང་། དེའི་སྔོན་ལ་ཁ་ཀྲ་ཧྥེའི་དམག་དཔུང་གིས་ཏའོ་ཏན་འཕུར་མདའ་འཕངས་ཏེ་མི་སེར་ཁ་ཤས་རྨས་ཟེར། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10